//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས་འདུལ་སྦྱོང་། > ཤིང་སྔོའི་འདུལ་ཐབས། > ནང་དོན།

ཀོ་བྱིའི་འདུལ་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-16 15:50:35 ཀློག་གྲངས། 15 

སྨན་སྦྱོར་བདུད་རྩི་གྲུ་ཆར་ལས་ཀོ་བྱི་སྤུ་གཞར་རྡོག་པོ་བདུན་ལ་མཛོ་མོ་ན་གཞོན་གྱི་འོ་མ་ཕུལ་དོའི་ནང་དུ་བཙོས་ནས་སུམ་གཉིས་འཐག་པ་དང་ཀོ་བྱི་འདོན་ལ་ཆུ་གཙང་གིས་བཤལ། འོ་མ་དུག་ལྡན་གྱིས་བྱ་དང་ཁྱི་བརྒྱལ་ན་དུག་ཐོན་རྟགས་ཡིན་པས་སར་སྦ། གཞན་ཁྲག་རླུང་གི་ནད་ལ་ཀོ་བྱི་དུག་འདོན་བྱེད་སྲོལ་མེད།

གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེ་བང་མཛོད་ལས་གཞན་ཀོ་བྱི་ལ་སྟོད་འཚང་ཚ་སྲིན་ཚ་བ་གཟེར་ཐུང་སོགས་ལ་སྤུ་བཅས་དེ་གར་བཏང་། གཟེར་ཆེར་མེད་རྒས་དང་གཉན་ཚ་སྟོབས་ཆུང་ལ། སྤུ་གཞར་མེ་མུར་ནང་དུ་དྲོས་ཙམ་བསྲེགལྡན་འདུས་དུག་རིགས་ལ་འཇམ་འདུལ་ནི། ཀོ་བྱི་བདུན་རེ་ལ་མཛོ་མོ་དཀར་ནག་ཟལ་གང་རུང་གི་འོ་མ་ཕུལ་དོ་རེའི་ནང་དུ་བསྐོལ་ནས་ཕྱེད་ཙམ་ལུས་ཚེ་ཕྱུངས་ནས་བསྐམ་པར་བྱ།ཁུ་བ་བྱའམ་ཁྱི་ལ་བྱིན་ན་མི་ཟ་བའམ་ཟོས་ན་སྐྱུགས་པ་དུག་ཐོན་པའི་རྟགས།

སྟོད་འཚངས་ཚ་སྲིན་ཚ་བ་གཟེར་ཐུང་ལ་འདུལ་མི་དགོས། སྤྱི་འདུལ་བྱེད་ཚུལ་ནི། མེ་མུར་ནང་དུ་བཅུག་ནས་དྲོས་ཚེ་ཕྱིར་བཏོན་ལ་གྲིས་སྤུ་ཕྲལ་ཙམ་བྱ། ཀོ་བྱི་ལ་ཆེ་ཆུང་སྙོམས་པ་རྡོག་པོ་བདུན་ལ་མཚོན་ན། བའམ་མཛོ་མོ་ན་གཞོན་གྱི་འོ་མ་ཕུལ་འབྲིང་དོའི་ཚད་ཀྱི་ནང་དུ་བཙོས་ནས་འོ་མ་ཆ་གསུམ་འཐག་པ་དང་། འོ་མ་དུག་ལྡན་དེ་བཙགས་ནས། བྱ་རོག་དང་ཡང་ན་ཁྱི་ལ་བྱིན་ཏེ། ཟོས་ཚེ་ཅུང་ཟད་སྐྱུགས་པའམ་ཁྱི་དེ་བརྒྱལ་ན་དུག་ཐོན་པའི་རྟགས་ཡིན་པར་བཤད་ལ། དེ་ནས་སེམས་ཅན་གཞན་གྱི་ཁར་མི་འགྲོ་བའི་ཆེད་དུ་འོ་ཁུ་ལྷག་མ་དེ་ས་འོག་ཏུ་སྦ་དགོས། ཀོ་བྱི་ལ་ཆུ་གཙང་དྲོ་འཇམ་གྱིས་དག་པར་བཤལ། བསིལ་སྐེམ་བྱས་གྲུབ་བོ། །རིན་ཆེན་སྦྱོར་བའི་སྐབས་སུ་འདུལ་ཚུལ་ནི། ར་མ་དང་བོང་བུ་གཉིས་པོ་གང་རུང་གི་འོ་མ་དྲོན་མོར་བྱས་པའི་ནང་དུ་ཀོ་བྱི་ལ་བླུགས་ནས། ཞག་མ་གཅིག་གམ་གསུམ་གྱི་བར་དུ་སྦངས་ལ།ཁ་དོག་ཁྱད་པར་དུ་གྱུར་དུས་ཕྱིར་བཏོན་ནས་ཆུ་འཇམ་གྱིས་བཀྲུས་ཏེ། ཡང་ལྕགས་སྣོད་ཀྱི་ནང་དུ་ཆུ་འཇམ་ཉུང་ཙམ་བླུགས་ལ། ཏིལ་ནག་གི་འབྲས་བུ་བཏབ་ནས། རྡོ་མདེལ་གྱིས་མཉེ་བས་མདོག་ནག་ལ་འོད་འཚེར་བ་ཞིག་ཏུ་གྱུར་དུས་བསིལ་སྐེམ་བྱས་པས་གྲུབ།

ཀོ་བྱི་ལ་ཡི་དུག་འབྱིན་པ་ནི། མཛོ་མོ་ན་གཞོན་དཀར་ཟལ་གྱི་འོ་མ་ཕུལ་དོར་ལྡུམ་བུ་སྟག་རྡོག་བདུན་བཞག་ལ་ཕུལ་ཕྱེད་དུ་བཙོས། དེ་ནས་ཁུ་བ་དོར་ལ་སྐམ་ནས་སྨན་ལ་སྦྱར་བ། དེ་ལྟར་བྱས་པའི་དུག་ཕྲལ་ཀོ་བྱི་ལ་ནི་ནད་ཐམས་ཅད་ཀྱི་གཉེན་པོ་ཡིན། ཡང་ཀོ་བྱི་ལའི་ཕྱིའི་སྤུ་ཕུད་པ་ལ་མེ་ཉོར་ཚན་མོ་ལ་སེར་ཙམ་བརྔོས་ཀྱང་ཡོང་།

X