//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས་འདུལ་སྦྱོང་། > ཤིང་སྔོའི་འདུལ་ཐབས། > ནང་དོན།

ཐར་ནུའི་འདུལ་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-16 16:10:57 ཀློག་གྲངས། 6 

ཕན་བདེ་བང་མཛོད་ལས་ཐར་ནུ་འདུལ་དུས་དུམ་བུར་གཤག་ལ་གཏུབ། འདུལ་ཐབས་བདུན་ཡོད་པ་སྟེ། འོ་མར་བཙོས་བ་འཇམ་འདུལ་བད་ཀན་ཅན་ལ་བསྔགས། རྣོ་འདུལ་ཆང་དུ་བཙོས་པ་སྐྲན་ལ་བསྔགས། བཟང་འདུལ་ཆང་ལ་ཤ་ཆེན་བཏབ་བཙོས་དུག་དང་གག་ལྷོག་ལ་བསྔགས། དྲག་འདུལ་དགེ་སློང་ངམ་ལོ་བརྒྱད་དྲི་ཆུར་བཙོས་པ་སྲིན་དང་གཉན་ལ་བསྔགས། མྱུར་འདུལ་བ་ཆུར་བཙོས་པ་མཛེ་དང་དྲེག་གྲུམ་ཆུ་སེར་རྐང་འབམ་སྦྱོང་། ངར་འདུལ་ཤ་ཡི་ཁུ་བར་བཙོས་པ་དུག་དང་ཕོ་ལོག་སྲིན་ལ་བསྔགས། རྒྱས་འདུལ་ཨ་རུ་ཁུ་བར་བཙོས་པ་ཁྲག་མཁྲིས་འདུས་ནད་སེལ། དེ་བདུན་པོ་གང་ལ་ཡང་དུག་ལེན་ར་ཤ་དུམ་གཅིག་འཕེན་དགོས་ཅིང་། འཚོད་བྱེད་ཁུ་བ་བཙོ་བྱའི་བརྒྱད་འགྱུར་གྱི་ཆུར་མ་འཚིག་མ་འཁྲིག་པར་འདུལ་ཞིང་ཁུ་བ་ཕྱེད་སྐམ་དུས། ར་ཤ་བཏོན་ལ་ས་འོག་སྦ་ཞིང་སྲོག་ཆགས་གང་གི་ཁར་ཡང་མི་འགྲོ་བར་བྱ། ཁུ་བ་འཐག་ལ་རང་ཐིམ་བྱ་ཞིང་བསྐམ་པ་གང་ལ་བཏང་ཡང་རྣོ་འཇམ་མྱུར་། འདུལ་བདུན་ཆ་མཉམ་ལྡན་པར་ཁ་བསྒྱུར་སྨན་སྦྱར་སྦྱོར་རུང་།

 ཐར་ནུ། སྦྱོང་བྱེད་སྐབས།འཇམ་འདུལ་ནི། ཐར་ནུ་རྒྱ་མ་གང་ལ། བའམ་མཛོ་འོ་རྒྱ་མ་བརྒྱད་བླུགས་ལ། དེའི་ནང་དུ་ར་ཤ་རྡོག་པོ་ཆེ་བ་ཙམ་འཕང་ནས་མ་ཚིགས་མ་འདྲེག་པར་དཀྲུག་གིན་བཙོ་ལ། བ་འོའི་བྱེད་ཙམ་འཐག་པའི་དུས་སུ། ཐར་ནུའི་དུག་ཀུན་ར་ཤ་ལ་ཐིམ་ཟིན་པ་ལ་ར་ཤ་བཏོན་ནས་སར་སྦ། ད་དུང་ལྷག་མ་ཕྱེད་ཙམ་ཡོད་པ་དེ་མུ་མཐུད་ནས་བཙོ་ལ་ཁུ་བ་རང་ཐིམ་སོང་བ་ཉི་མར་སྐེམ་པས་གྲུབ་ལ། འདུལ་ལུགས་ཕྱི་མ་རྣམས་ཀྱང་རིགས་པ་འདིས་གྲུབ་པས། རྣོ་འདུལ་ཆང་བཙོས་དང་།བཟང་འདུལ་ཆང་ལ་ཤ་ཆེན་བཏབ་ནས་བཙོ་བ།དྲག་འདུལ་དྲི་ཆུ།མྱུར་འདུལ་བ་ཆུར་བཙོ་བ།ངར་འདུལ་ཤ་ཁུར་བཙོ་བ།རྒྱས་འདུལ་ཨ་རུའི་ཁུ་བ་བཙོ།

ཡང་སྦྱོར་བ་རྡོ་རྗེ་ཕ་ལམ་ནི། འདུལ་ལུགས་འདི་བདུན་པོ་སོ་སོ་ནས་བྱས་ལ་སྲང་རེ་དང་། དེའི་སྟེང་དུ་བྱི་ཏང་ཀ་དང་། བྱི་རུག་པ། གུ་གུལ། ན་གི་སྣ་སེར་ཙམ་བརྔོས་པ། ཀོ་བྱི་ལ་གོང་ལྟར་འདུལ་བ་བཅས་བསྣན་ནས་ཞིབ་བཏགས་བྱས་ལ། ཞི་བྱེད་དུ་ཐུན་ཆུང་དང་། སྦྱོང་བྱེད་དུ་ཐུན་ཆེན་རེ་བསྟེན་ན། ཕོ་ནད་དུག་རིགས་སྲིན་དང་ཡ་མ་འཇོམས།

ཐར་ནུ་འདུལ་ཐབས་ནི་རྒྱུད་ལས། ཐར་ནུ་དུས་བརྐོ་བ་ཆུར་གདུལ་བ་དང་།། ཞེས་གསུངས་པ་ལྟར། ཐར་ནུ་ཁྲམ་ཁྲོམ་བརྡུངས་པ་དེ་རང་ནུབ་ཙམ་གྱི་བ་དམར་ཟལ་གྱི་ཆུ་ནང་དུ་མེ་ལ་བསྐོལ་བས་བ་ཆུ་རང་ཐིམ་དུ་མ་སོང་བར་ལ་རུམ་རུམ་བྱས་ནས། བ་ཆུ་ཐར་ནུ་ལ་ཐིམ་དུ་མ་སོང་བར་ལ་བྱས་ནས་བ་ཆུ་ཐར་ནུ་ལ་ཐིམ་པར་བསྡུས་པའི་དེ་ཉིད།

X