//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས་འདུལ་སྦྱོང་། > ཤིང་སྔོའི་འདུལ་ཐབས། > ནང་དོན།

དན་རོག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-04-16 16:16:49 ཀློག་གྲངས། 9 

སྨན་སྦྱོར་བདུད་རྩི་གྲུ་ཆར་ལས་དན་རོག་ལྕེ་དང་ཤུན་པ་ཕྲལ་ལ་ལྕགས་སླང་དུ་རྩམ་པ་བཏབ་པའི་སྦུགས་སུ་བཞག་ནས་རྩམ་པ་སེར་ཙམ་དུ་བརྔོ།

དན་རོག་འདུལ་བ་ལ་རྒྱུད་ལྟར་འདུལ་བ་དང་། མན་ངག་ལྟར་འདུལ་བ་གཉིས་ལས། དང་པོ་རྒྱུད་ལྟར་འདུལ་བ་ནི་ཕྱི་རྒྱུད་ལས། དན་ད་རོག་པོ་ལྕེ་འདོན་ཕྱི་ལ་འདུལ།། ཞེས་པ་ལྟར། དན་རོག་གི་ནང་གི་ལྕེ་དང་ཕྱི་པགས་པ་དེ་ཕུད་པ་དེ་ལྕགས་སྣོད་དུ་ཙམ་པ་མཉམ་དུ་བཅུག་ལ། འོག་ནས་མེ་རན་རྩམ་གྱིས་མདོག་སེར་ཙམ་མ་སོང་བར་རྟོལ་བས་འགྲུབ། གཉིས་པ་མན་ངག་ལྟར་འདུལ་བ་ནི། དན་རོག་ལྕེ་དང་ཕྱི་ཤུན་བྲལ་བའམ་ཤུན་པ་བྲལ་ལ་ལྕེ་མ་བྲལ་བར་རུང་བས་དེ་ཉིད་བ་ཡི་འོ་མ་བསྐོལ་བའི་རླངས་སྟེང་མདོག་འགྱུར་ཙམ་བཙོས་པས་འགྲུབ་ལ། ཡང་ལུགས་གཅིག་ལ་དན་རོག་ཤུན་པ་བྲལ་ལ་ལྕེ་མ་བྲལ་ཀྱང་རུང་བ་དེ་ཉིད་རབ་ཆད་ཆང་ནག་མ་རྙེད་ན་ནས་ཆང་ལ་སྦོས་པོ་གཉིས་ཙམ་མ་ཟད་པར་སྦང་ལ། དེ་ནས་ཆང་དར་རམ་རས་སོགས་ལ་བཅག་འདི་དོར། དན་རོག་ལྕགས་སྣོད་ཀྱི་ནང་མེ་རན་ཙམ་གྱིས་མདོག་སེར་ཙམ་མ་སོང་བར་བསྲེགས་པས་འདུལ་བ་ནི་སྦྱོར་སྡེ་གང་ལ་སྦྱར་ཀྱང་མཆོག་ཏུ་ཤིས་པ།

X