//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

མི་ཕམ་དགེ་ལེགས་རྣམ་རྒྱལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-07 14:13:59 ཀློག་གྲངས། 16 

བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་ནི་རབ་བྱུང་བཅུ་པའི་ས་རྟ་སྟེ་སྤྱི་ལོ་༡༦༡༨ལོར་འཁྲུངས་ཤིང་། སྨན་དཔྱད་ཀྱི་སྐོར་ལ་ཟུར་ལུགས་དང་འབྲུག་པ་པདྨ་དཀར་པོའི་རྗེས་སུ་འབྲངས་པ་མ་ཟད། བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་པའི་སྐྱེས་བུ་དམ་པའི་རྣམ་ཐར་བསྐྱངས་ཤིང། ཕྱི་ནང་རིག་བྱེད་གང་ལའང་མཁས་པའི་སྙན་གྲགས་གང་སར་ཁྱབ་པས་བོད་མཁས་པ་ཞེས་པའི་མཚན་ཐོགས། གསོ་དཔྱད་བརྩམས་ཆོས་ལ་ཟུར་ལུགས་དང་འབྲུག་པ་པདྨ་དཀར་པོའི་ལུགས་ཕྱག་བཞེས་ཀྱིས་སྨན་གྱི་རོ་ནུས་བཤད་པ་བཻདཱུརྱའི་མེ་ལོང་དང་། ཟུར་མཁར་བློ་གྲོས་རྒྱལ་པོའི་གསོ་བ་རིག་པའི་གཞི་ལམ་འབྲས་བུའི་རྣམ་གཞག་སྐོར་གྱི་དྲི་བའི་ལན་ཏེ་དྲིས་ལན་ལེགས་བཤད་རིན་པོ་ཆེའི་སྣང་བ་གསར་བ། ལུས་ཐིག་ཟླ་བ་ནོར་བུ་སོགས་མཛད། དགུང་ལོ་རེ་གཅིག་པ་ རབ་བྱུང་བཅུ་གཅིག་པའི་ས་རྟ་སྤྱི་ལོ་༡༦༧༨ལོར་སྙན་འགྲེལ་དཎྜིའི་དགོངས་རྒྱན་ཕྱག་རྩོམ་གནང་།

གོང་ངོས། ཟ་ཧོར་བན་དེ།
X