//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

ངག་དབང་སངས་རྒྱས་དཔལ་བཟང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-08 8:44:35 ཀློག་གྲངས། 10 

ཚེ་རིག་འཛིན་པ་ངག་དབང་སངས་རྒྱས་དཔལ་བཟང་ངམ་མཚན་གཞན་ལ་ངག་དཔལ་དང་། ཝཱ་གིནྡྲ་ཤྲཱི་བྷ་དྲ་ཞེས་སུ་འབོད་པ་ནི་གྲ་ཕྱི་ཁུལ་གྱི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་སྨན་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དངོས་སློབ་ཐུ་བོ་ཞིག་ཡིན། སྔ་ཕྱིར་མི་རྗེ་སྭ་རའི་ཞབས་ལ་གཏུགས་ནས་གསོ་དཔྱད་མན་ངག་ལག་ལེན་སྐོར་མ་ལུས་པ་གསན་ནས། བཻ་དཱུརྱ་སྔོན་པོར་དོགས་གནས་ཀྱི་རྒྱུ་མཚན་བྱུང་བ་དང་། མན་ངག་ལྷན་ཐབས་ཀྱི་གསང་སྨན་གབ་ཚིག་ཞལ་ཤེས་སྦྱོར་ཚད་སོགས་མ་སྦས་ལྷུག་པར་བཤད་པ་བདུད་རྩིའི་གཏེར་བུམ་མཁའ་འགྲོའི་གཏད་རྒྱའི་རྒྱ་མདུད་བཀྲོལ་བའི་རིན་ཆེན་གསེར་གྱི་ལྡེ་མིག་དང་། མན་ངག་ཡོན་ཏན་རྒྱུད་ཀྱི་གཅེས་བསྡུས་ཀྱི་ཟུར་རྒྱན་ཕྱི་མ་ལྡེ་མིག་སྦས་དོན་ཀུན་གསལ་ཞེས་བྱ་བ་གཉིས་ཕྱོགས་བསྒྲིགས་མཛད།

X