//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

དཀོན་མཆོག་འགྲོ་ཕན་དབང་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-08 8:46:06 ཀློག་གྲངས། 12 

དཀོན་མཆོག་འགྲོ་ཕན་དབང་པོའམ་ཚེ་དབང་བརྟན་པ་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་ལུག་སྟེ་སྤྱི་ལོ༡༦༣༡ལོར་དབུ་རུའི་མཚམས་གཞུ་སྟོད་དུ་སྐུ་འཁྲུངས་ཤིང་། འབྲི་གུང་པ་གསང་སྔགས་ཀྱི་རིག་པ་འཛིན་པ་ཆོས་ཀྱི་གྲགས་པ་ཕྱོགས་ལས་རྣམ་པར་རྒྱལ་བ་དབང་པོའི་སྡེའི་ཞབས་པད་ཡུན་རིང་དུ་བསྟེན་ནས་རིག་གནས་སྤྱི་དང་གསོ་རིག་ལ་གསན་སྦྱངས་མཛད། དགུང་ལོ་སུམ་ཅུ་སོ་གཅིག་ལ་འབྲི་གུང་ཆོས་གྲགས་དགོངས་པ་རྫོགས་ནས་ལོ་གཉིས་འདས་པ་ལྕགས་མོ་གླང་ལ་སློབ་དཔོན་དགོངས་རྫོགས་ཀྱི་རྗེས་དྲན་ཞུ་བ་དང་། མཐོང་བརྒྱུད་ཕྱག་ལེན་རྣམས་མི་ཉམས་གོང་འཕེལ་གྱིས་འགྲོ་ཕན་རྒྱ་ཆེ་ཡོང་ཆེད་གཅེས་བསྡུས་ཕན་བདེའི་སྙིང་པོའམ་འབྲི་གུང་གཅེས་བསྡུས་དང་། གཉན་རིམས་མཁྲིས་པ་རྩར་རྒྱུགས་ཀྱི་བཅོས་ཚུལ་མདོར་བསྡུས་ཞལ་ལུང་བདུད་རྩིའི་ཆུ་རྒྱུན། རླུང་ནད་ལྕེ་སྤྱང་མགོ་ཡི་བཅོས་ཟབ་མོ། འབམ་བཅོས་མན་ངག་ཁྱད་པར་ཅན། འབམ་བཅོས་ཚེ་འཛིན་སྲོག་སྐྱོབས་ཀྱི་ལྷན་ཐབས་གསོ་ཚུལ་གསུམ་ལྡན། འབམ་བཅོས་ཟབ་ཉུང་དོན་འདྲིལ་སྙིང་དང་འདྲ་བ། ཕན་བདེའི་སྙིང་པོའི་ཡན་ལག་འབམ་བཅོས་གཅེས་པའི་གནད་བསྡུས། གཅོང་ཆེན་དམུ་ཆུ་གསོ་བའི་གདམ་ངག རྒྱུ་རྒན་གྱི་བཅོས་འཕྲུལ་གྱི་ཐེམ་ཚང་སོགས་མཛད་ནས། སློབ་མའི་གཙོ་བོ་དཔོན་ཚང་ཡེ་ཤེས་སོགས་འཕྲིན་ལས་ཀྱིས་བསྐྱངས། རྒྱུ་རྒན་གྱི་བཅོས་འཕྲུལ་གྱི་ཐེམ་ཚང་ཞེས་པའི་མཇུག་བྱང་དུ། རང་ལོ་རེ་གཅིག་པ་རབ་མྱོས་ཞེས་པ་ལྕགས་ཕོ་རྟ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཀྱི་ཉིན་གུང་གི་ཐུན་མཚམས་སུ་བྲིས་ཞེས་བཀོད་ཡོད་པས་སྐུ་ཚེ་ཅུང་རིང་ཙམ་བཞུགས་སྙམ།

X