//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

བློ་བཟང་བསྟན་འཛིན་རྒྱལ་མཚན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-08 9:17:20 ཀློག་གྲངས། 7 

རྗེ་དཔོན་ལེགས་ཚོགས་ལྷུན་གྲུབ་ཀྱི་སྤྲུལ་སྐུ་མཁན་པོ་ནོ་མོན་ཧན་བློ་བཟང་བསྟན་འཛིན་རྒྱལ་མཚན་ནི། རབ་བྱུང་བཅུ་གཅིག་པའི་ས་མོ་ཡོས་ཏེ་སྤྱི་ལོ་༡༦༣༩ལོའི་ཧོར་ཟླ་དང་པོའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པའི་ཉིན་སོག་ཡུལ་དུ་སྐུ་འཁྲུངས་ཤིང་། དགུང་ལོ་ལྔའི་སྟེང་ནམ་མཁའ་བསོད་ནམས་གྲགས་པས་མཚན་ལ་ཆོས་ཀྱི་རྡོ་རྗེ་བཏགས། དགུང་ལོ་དྲུག་པ་ལ་གཙང་བཀྲ་ཤིས་ལྷུན་པོ་ནས་བྱོན་པའི་དགེ་བའི་བཤེས་གཉེན་བློ་བཟང་ཡར་འཕེལ་གྱི་ཞལ་སྔ་ནས་ཀློག་དང་སྡེབ་སྦྱོར་གསན་ནས་མཚན་ལ་བློ་བཟང་བསྟན་འཛིན་རྒྱལ་མཚན་གསོལ། འཕན་ཡུལ་སྨན་པ་ཀུན་དགའ་བྱང་ཆུབ་ཀྱི་དྲུང་དུ་གསོ་བ་རིག་པ་དང་སྐར་རྩིས་སོག་ཡིག་སོགས་མཁས་པར་སྦྱངས། དབུས་གཙང་དུ་ཕེབས་ནས་འདུས་སྡེ་ཡོངས་ལ་མང་འགྱེད་དང་བླ་གྲགས་རྣམས་ལ་ཆོས་འབྲེལ་ཞུས་ནས། གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོ་ལས་སྨན་བླའི་རྗེས་གནང་དང་གསོ་བ་རིག་པའི་བཤད་ཁྲིད་གསན་སྦྱོང་མཛད། ཕྱིར་སོག་ཡུལ་དུ་ཕེབས་ནས་རང་དགོན་བཀྲ་ཤིས་དགེ་འཕེལ་གླིང་དུ་བཞུགས་ཤིང་། སྒྲུབ་ཐབས་སྣ་ཚོགས་དང་། གསོ་བ་རིག་པའི་རྩ་རྒྱུད་ཀྱི་འགྲེལ་བ་གསལ་བའི་སྒྲོན་མེ། བདུད་རྩི་བཅད་འབྱོར་གྱི་སྦྱོར་བ་ཟུག་རྔུ་དྲུངས་འབྱིན། མན་ངག་བདུད་རྩིའི་ཟེགས་མ། མན་ངག་ཉེར་ལྔའི་སྡེ་ཚན་སོགས་མཛད། དགུང་ལོ་ལྔ་བཅུ་ལྷག་ལ་བཞུགས་ནས་གཟུགས་སྐུའི་བཀོད་པ་བསྡུས།

X