//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

བྱང་ངོས་ནང་སོ་དར་རྒྱས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-08 10:08:56 ཀློག་གྲངས། 5 

བླ་སྨན་བྱང་ངོས་ནང་སོ་དར་རྒྱས་ནི་རབ་བྱུང་བཅུ་པའི་ནང་བྱོན་ནས་འབྲས་སྤུངས་ཕོ་བྲང་ནུབ་མའི་གསོ་རིག་འགྲོ་ཕན་གླིང་གི་དོ་དམ་དང་། རྩེ་པོ་ཏ་ལའི་ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་གི་སློབ་གྲྭ་བཙུགས། དྲང་སྲོང་བསྟན་འཛིན་རྒྱལ་པོའི་རིགས་ཀྱི་སྨན་བརྒྱུད་དང་། ཕྱག་ལེན་གཙོ་བོ་ཟུར་ལུགས་ཡིན་པར་གྲགས། མཁས་དབང་དེས་རྒྱལ་བ་ལྔ་བ་ཆེན་པོའི་བླ་སྨན་གནང་བ་དང་། ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་བོད་ཀྱི་གསོ་རིག་སློབ་གྲྭའི་སློབ་དཔོན་གྱི་ཐུགས་འགན་ཡང་བཞེས་མྱོང་། རབ་བྱུང་བཅུ་གཅིག་པའི་ཆུ་སྟག་སྤྱི་ལོ་༡༦༤༢ལོར་ཁོང་གི་རེ་ཞུས་ལྟར་རྒྱལ་དབང་ལྔ་བ་མཆོག་གིས་སློབ་དཔོན་དོན་གྲུབ་དཔལ་བ་དང་། དར་མོ་སྨན་རམས་པ། རྣམ་གླིང་པཎ་ཆེན་ཁོང་བཅས་ལ་གྲྭ་ཐང་རྒྱུད་བཞི་འདི་ཉིད་སོར་བཞག་གི་ཞུ་དག་གནང་དགོས་པའི་འགན་དབང་སྩལ།

X