//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-09 10:11:56 ཀློག་གྲངས། 38 

ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ནི་སྤྱི་ལོ་ལོར་༡༧༤༠ཆ་གན་ནོ་ཨར་དུ་ཡབ་ཚུག་གོང་བཀྲ་ལྷ་དང་ཡུམ་ཧ་ལ་བཀྲ་བྷོའི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་སྟེང་ཁུ་བོའི་མདུན་ནས་སོག་ཡིག་དང་བོད་ཡིག་གཉིས་བསླབ་ནས་ཆ་གན་བོ་ལ་དགོན་པར་རབ་ཏུ་བྱུང་། དགུང་ལོ་བཅུའི་རྗེས་ནས་ལྷ་ས་སོགས་སུ་ཕེབས་ཏེ་བོད་ཀྱི་རིག་གནས་སྤྱི་དང་། བྱེ་བྲག་གཞན་རྗེས་འཛིན་གྱི་གསོ་བ་རིག་པ་དང་། སྐར་རྩིས་རིག་པ་ལ་གསན་སྦྱངས་མཛད་དེ། དགུང་ལོ་ཉེར་གསུམ་སྟེང་དགེ་བཤེས་ལྷ་རམས་པའི་མཚན་ཉིད་ཐོབ། ཕྱི་རབས་ཀྱི་དོན་དུ་རིན་པོ་ཆེ་དང་ས་རྡོའི་རིགས་ཀྱི་སྨན་ངོ་ཤེས་པར་བྱེད་པའི་ཡིག་ཆུང་དང་། ཤིང་ཐང་རྩི་གསུམ་གྱི་སྨན་ངོ་ཤེས་བྱེད། སྔོ་ཡི་རིགས་ཀྱི་སྨན་ངོ་ཤེས་བྱེད། ཚྭ་དང་སྲོག་ཆགས་ལས་འབྱུང་བ་དང་ཐལ་བ་སོགས་ཀྱི་སྨན་ངོ་ཤེས་བྱེད། འབའ་སམ་སྨན་མར་བྱ་ཚུལ། རྩ་བརྟག་ཚུལ་མདོར་བསྡུས། མ་ཎི་རིལ་སྒྲུབ་ཀྱི་ཆོ་ག་དངོས་གྲུབ་ཀུན་འབྱུང་ སོགས་བརྩམས་ནས་སྤྱི་ལོ་༡༨༡༠ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།

གོང་ངོས། ནང་སོ་ཨེམ་ཆི།
X