//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-09 10:13:10 ཀློག་གྲངས། 12 

འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ནི་སྤྱི་ལོ་༡༧༨༩ལོར་མཚོ་སྔོན་ཨུ་ལན་མུ་རའི་ཡབ་ཕྱུགས་རྫི་དོན་གྲུབ་ཚེ་བརྟན་དང་ཡུམ་དཀར་མོ་སྐྱིད་ཀྱི་སྲས་སུ་སྐུ་འཁྲུངས། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ནོ་མོན་ཧན་སྐུ་ཕྲེང་བཞི་བའི་ཡང་སྲིད་དུ་ངོས་འཛིན་གནང་བ་དང་ཆུ་བཟང་ཧུ་ཐོག་ཐུ་ངག་དབང་ཐུབ་བསྟན་དབང་ཕྱུག་ལས་རབ་བྱུང་གི་སྡོམ་པ་བཞེས། སྐུ་ན་ཕྲ་བའི་དུས་ནས་གསེར་ཁོག་དགོན་དུ་ཡི་གེ་འབྲི་ཀློག་དང་བརྡ་དག་ལ་རྨང་གཞི་བཏིངས་ལེགས་པོ་བཏངས་ཤིང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་དང་ཆུ་བཟང་ཧུ་ཐོག་ཐུ་ངག་དབང་ཐུབ་བསྟན་དབང་ཕྱུག་སོགས་བཤེས་གཉེན་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་ལ་གསན་སྦྱངས་མཛད། སྒོས་སུ་རང་དགོན་གྱི་སྨན་གྲྭར་ཞུགས་ཤིང་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱི་ཞབས་པད་ཡུན་ཏུ་བསྟེན་ནས་གསོ་བ་རིག་པའི་གཞུང་ལུགས་ཀུན་ལ་མཁྱེན་སྤྱན་ཡངས་པོར་གྱུར་ཏེ། སྨན་གྲྭའི་གྲྭ་པ་ཆ་ཧར་ཏོ་ལོན་ནོར་དང་། ཨ་ལག་ཤ་ཨེ་ཙི་ཧོར། ཤིན་ཅང་གི་ཐོར་རྒོར་སོགས་བསྐྱངས། དེ་ནས་ལྷ་ལྡན་འབྲས་སྤུངས་སྒོ་མང་ཆོས་གྲྭར་ཕེབས་ཏེ་སྒོས་སུ་གསོ་བ་རིག་པའི་སྐོར་ལ་གསན་སྦྱངས་མཛད་ནས་མན་ངག་རིན་ཆེན་འབྱུང་གནས་ཞེས་པ་དེ་བརྩམས། ཤིང་ཁྱི་སྟེ་སྤྱི་ལོ་༡༨༡༤ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ནས་ཚོགས་མང་ལ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་གང་རྒྱས་གནངས། རྗེས་སུ་རྒྱ་ནག་པེ་ཅིང་དུ་བསྟན་པའི་འཕྲིན་ལས་སྤེལ་བའི་མོད་ལ་དགུང་ལོ་ལྔ་བཅུ་བ་ས་ཁྱི་སྟེ་སྤྱི་ལོ་༡༨༣༨ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

X