//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

སོག་པོ་ལུང་རིག་བསྟན་དར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-09 10:31:49 ཀློག་གྲངས། 60 

སོག་པོ་ལུང་རིག་བསྟན་དར་ནི་དུས་རབས་བཅུ་དགུ་པའི་ནང་ཕྱི་སོག་ཁཱ་ཨར་ཁཱ་སད་ཡུན་ནོ་ཧྭན་མཱིན་ཏཱ་ལད་བཱང་རྫོང་དུ་སྐུ་འཁྲུངས་པའི་བུའུ་ལཱ་པཱ་ཐོ་རུ་སོགས་སུ་གྲགས་ཆེ་བའི་སྨན་པ་ཞིག་ཡིན། བརྩམས་ཆོས་སུ་མན་རྒྱུད་ལྷན་ཐབས་ཀྱི་དཀའ་གནད་བཀྲོལ་བ་རྣམ་རྒྱལ་གསེར་མདོག་ཕྲེང་བ་དང་། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་རྒྱུད་བཞིའི་མཐའ་དཔྱོད། སྨན་གྱི་རྒྱུད་བཞིའི་བརྡ་དང་དོན་འགའ་ཞིག་བཀྲོལ་བ་རྣམ་རྒྱལ་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན་སོགས་ཡོད། རང་གཞུང་ཕྱི་མ་རྒྱུད་ཀྱི་བརྡ་དང་དོན་འགའ་བཀྲོལ་བ་ཞེས་པའི་མཇུག་ཏུའང་། རང་གཞུང་རྒྱུད་བཞིའི་མཐའ་དཔྱོད་ཁ་སྐོང་དུ།། མཛད་པ་དཀའ་འགྲེལ་ཨ་རུའི་ཕྲེང་རྒྱན་འདི།། སྐྱེས་སྦྱངས་བློ་གྲོས་ནོར་ལྡན་སྨན་གཞུང་ལ།། སྦྱངས་པ་མི་དམན་ལེགས་ལྡན་བཟང་པོ་དང་།། བསོད་ནམས་གྲགས་པ་ཞེས་བྱའི་སྨན་དཔྱད་མཁན།། གཉིས་ཀྱིས་རྒྱུ་རྐྱེན་སྦྱར་ཏེ་པར་དུ་གྲུབ།། ཡི་གེ་པ་ནི་ཡི་གེའི་རིགས་རྣམས་ལ།། ལེགས་པར་སྦྱངས་པའི་ཡིག་མཁན་ཚུལ་ཁྲིམས་སོ།། ཞེས་གསུངས།

X