//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > ཟས་སྐོམ་གྱིས་ཚེ་བསྲིང་། > ནང་དོན།

དར་མའི་ཟས་སྐོམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-13 15:59:13 ཀློག་གྲངས། 76 

དང་པོ། དར་མའི་ཟས་བསྟེན་རུང་མིན་བསྟན་པ།

༡བསྟེན་རུང་བའི་ཟས།  ནད་མེད་ཅིང་བདེ་བར་འདོད་པ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཁ་ཟས་ཀྱི་ཚོད་རན་པར་བཟའ་བར་བྱ་སྟེདེའང་ཇི་ལྟར་བྱ་ཞེ་ན་ཟས་རྣམས་ཀྱི་ནུས་པ་ལྕི་བ་དང་ཡང་བར་གནས་པ་ཚད་ལས་རྗེས་སུ་དཔག་པར་བྱ་དགོས་པ་ཡིན་ཏེ སྐམ་སའི་ནས་བརྔོས་པ་ལས་བྱུང་བའི་རྩམ་པ་དང་སྐམ་ས་ལ་གནས་པའི་ཤ་བཙོས་པ་སོགས་ཡང་ཞིང་དྲོ་བ་རྣམས་འགྲངས་པར་་ཞིང་དེ་བཞིན་དུ་གྲོ་རྩམ་དང་སྲན་བརྔོས། སྲན་ཕྱེ། གྲོ་མའི་རྩམ་པ།འོ་རྩམ། ཞོ་རྩམ། དར་རྩམ། སྐྱ་སྲབ། ཟར་རྩམ། ཐལ་གོར། འབའ་གོར་། གོ་རེ་ཆུ་བརྫིས།གོ་རེ་སྐྱུར་བརྫིས། གྲོ་མ་མར་ཁུ། གྲོ་ཐུད། སྔོ་ཐུད་སོགས་མདོར་ན་སྔ་དྲོ་ཟོས་པ་དགོང་མོ་དང་ཕྱི་དྲོ་ཟོས་པ་ཐོ་རངས་ཀྱི་དུས་སུ་བདེ་བླག་ཏུ་འཇུ་སླ་བར་གྱུར་པ་གང་ཡིན་པ་དེ་ལ་ཟས་ཚོད་ཟིན་པ་ཞེས་སུ་བཤད་པ་ཡིན་པས་དེ་ལྟ་བུ་དེ་ནི་ལུས་ཡུན་རིང་དུ་འཚོ་བར་བྱེད་པའི་རྒྱུའི་གཙོ་བོ་ཉིད་ཡིན་ཏེཅིའི་ཕྱིར་ཞེ་ནཟས་ཚོད་ཟིན་པ་དེས་ཞིང་ས་དང་འདྲ་བའི་ཕོ་བ་དེའི་མེ་དྲོད་སྐྱེད་པར་བྱེད་ཅིང་མེ་དྲོད་དེ་ཉིད་རང་གི་རང་བཞིན་ལས་རྣམ་པར་མ་གྱུར་པའི་རང་སྟོབས་དང་ལྡན་ན་མ་ཞུ་བའི་ནད་སོགས་མི་འབྱུང་བར་མ་ཟད་ལུས་སྟོབས་རྒྱས་ཤིང་ཚེ་ཡི་འཕེན་པ་རིང་དུ་བསྲིང་བ་བཅས་ཀྱི་དགེ་མཚན་བརྗོད་ཀྱིས་མི་ལང་ངོ་།།

༢ བསྟེན་མི་རུང་བའི་ཟས དུག་གི་རིགས་དངོས་མ་ཡིན་ཡང་ཁ་ཟས་ཀྱི་བྱེ་བྲག་ཕན་ཚུན་ནུས་པ་མི་འཕྲོད་པ་འགའ་ཞིག་ཟོས་པ་ལ་བརྟེན་ནས་སྦྱར་དུག་དང་མཚུངས་པར་འགྱུར་བ་དག་ཀྱང་ཡོད་དེ དཔལ་ལྡན་གསོ་བ་རིག་པའི་གཞུང་ལས། དཔེར་ན་ཞོ་མ་ལངས་པ་དང་ཆང་གསར་པ་ལྷན་ཅིག་ཏུ་འཐུང་བ་མི་འཕྲོད་དེ ཉ་ཡི་ཤ་དང་འོ་མ་གཉིས་ལྷན་དུ་མི་འཕྲོད། དེ་བཞིན་དུ་འོ་མ་དང་ཁམ་སྟར་ལ་སོགས་པའི་ཤིང་ཐོག་མཉམ་དུ་ཟོས་ན་མི་འཕྲོད། ད་དུང་བྱ་ཡི་སྒོ་ང་དང་ཉ་ཡི་ཤ་ཡང་ལྷན་ཅིག་ཏུ་མི་འཕྲོད སྲན་མའི་ཚོད་མ་དང་བུ་རམ་དང་ཞོ་གསུམ་པོ་ཡང་མཉམ་དུ་ཟོས་ན་མི་འཕྲོད སེར་ཤའམ་ཤ་མོའི་རིགས་སུ་གཏོགས་པ་ཀུན་ཡུངས་ཀར་ནག་གི་མར་ལ་བརྔོས་ནས་ཟོས་ན་མི་འཕྲོདཁྱིམ་བྱའི་ཤ་དང་ཞོ་བསྲེས་ནས་ཟ་བ་མི་འཕྲོད། སྦྲང་རྩི་དང་འབྲུ་མར་མཉམ་དུ་སྦྱར་ནས་ཟོས་ན་མི་འཕྲོདགཞན་ཡང་ཁ་ཟས་ཕན་ཚུན་མཐུན་པ་དག་ཀྱང་སྔ་མ་ཟོས་པ་རྣམས་མ་ཞུ་བའི་ཁར་ཕྱི་མ་བསྟུད་ནས་ཚད་ལས་འདས་བར་ཟོས་པ་ཡིས་འཐབ་པར་འགྱུར་བ་དང་ཡང་ན་ཁ་ཟས་ཅུང་ཟད་འཕྲོད་པའང་མི་འཕྲོད་པ་དག་དང་མཉམ་དུ་ཟོས་པས་ཕན་ཚུན་འཐབ་པར་འགྱུར་བ་དང་ མདོར་ན་མི་རིགས་གང་ཞིག་གིས་སྔར་ཟ་བར་མ་གོམས་པའི་ཟས་བཟའ་བ་དང་ ལྷག་ཏུ་ཁ་ཟས་བཟའ་བའི་དུས་མ་ཡིན་པ་མཚན་གུང་ལྟ་བུ་ལ་བབ་ཅོལ་དུ་ཟོས་ཤིང་འཐུངས་པ་དེ་དག་གི་རྐྱེན་གྱིས་དུག་ཏུ་གྱུར་བ་དང་ལུས་ཟུངས་འཇོམས་ཤིང་ནད་རིགས་སྣ་ཚོགས་འབྱུང་བཞིན་ཡོད་པས་ན་དུས་རྟག་ཏུ་མི་འཕྲོད་པའི་ཟས་རིགས་གང་ཞིག་བསྟེན་རུང་དང་གང་ཞིག་བསྟེན་མི་རུང་བའི་འདུ་ཤེས་བཟང་པོ་ཞིག་རྒྱུད་ལ་གོམས་པར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།

གཉིས་པ། དར་མའི་སྐོམ་བསྟེན་རུང་མིན་བསྟན་པ།

༡ བསྟེན་རུང་བའི་སྐོམབཏུང་བ་སྐོམ་གྱི་ནང་ནས་མངར་ཇ་དང་དཀྲུག་ཇ། ཆུ་ཁོལ། ཇ་ཐང་། སིལ་ཇ། འོ་ཇ། ནས་ཆང་།གྲོ་ཆང་། འབྲས་ཆང་། རྒུན་ཆང་། དེ་བཞིན་དུ་གར་ཆང་དང་བཞེས་ཐོག་འོ་མ་སོགས་ནི་རང་སྡོད་སའི་ཁོར་ཡུག་དང་། གནམ་གཤིས་ཀྱི་འགྱུར་ལྡོག  ལུས་ཟུངས་ཀྱི་བཟང་ངན། མེ་དྲོད་ཀྱི་འཇུ་སྟོབས་སོགས་ལ་བལྟོས་ནས་གང་ལ་གང་འཚམ་རེ་བསྟེན་ན་བཟང་ལདེའི་ནང་ནས་ཀྱང་ཕལ་ཆེར་ཞིག་ནི་རོ་དང་ཞུ་རྗེས་གཉིས་ཀ་མངར་ལ་སྣུམ་ཞིང་ལྕི་བས་ལུས་ཟུངས་ཀུན་འཕེལ་བར་བྱེད་པ་དང་ བཀྲག་མདངས་སྐྱེད་པ་དང་ རླུང་མཁྲིས་སོགས་ཉེས་པ་ཀུན་སེལ་བ ལྷག་ཏུ་ལུས་སྟོབས་སྐྱེད་པ་དང་། རྒས་ཁ་སྲ་བ། ཁུ་བ་གསོ་བ། འདོད་པ་འཕེལ་བ། ཚེ་རིང་བ་སོགས་ཀྱི་ཡོན་ཏན་བརྗོད་ཀྱིས་མི་ལང་།

༢ བསྟེན་མི་རུང་བའི་སྐོམསྐོམ་ཁ་ཅིག་གི་ནུས་པ་མི་འཕྲོད་པ་ལ་བརྟེན་ནས་སྐོམ་གྱི་རིགས་འགའ་རེ་མཉམ་དུ་བསྟེན་ན་དུག་ཏུ་འགྱུར་བ་དག་ཀྱང་ཡོད་པ་ནི་དཔལ་ལྡན་གསོ་བ་རིག་པའི་ཟས་བསྡམ་གྱི་ལེའུ་ལས་གསུངས་པ་ལྟར་ཡིན་པས་ན་འདིར་ཡིག་ཚོགས་ཀྱི་དབང་གིས་ཡང་བསྐྱར་ངལ་བ་མི་བཀོད། དེ་ལས་གཞན་དུས་རྒྱུན་གྱི་འཚོ་བའི་ནང་དུ་མངར་ཇ་དང་། དཀྲུག་ཇ། ཇ་གར་པོ། བསིལ་ཇ་སོགས་རབ་ཡིན་ན་མི་སོ་སོའི་རང་བཞིན་དང་ལུས་ཟུངས་ཀྱི་བཟང་ངན་ལ་བལྟོས་ནས་ཉུང་ཙམ་རེ་བསྟེན་རྒྱུ་དང་། ལྷག་པར་དུ་ཨ་རག་བག་མེད་འཐུང་བ་དང་རྫས་རིགས་ཀྱིས་བསླད་པའི་སྐོམ་ཆུའི་རིགས་སྣ་ཚོགས་དང་ཡང་ན་ཞག་གཅིག་སོང་བའི་ཆུ་བསྐོལ་དང་བ་ཚྭ་ཅན་གྱི་ཆུ་རིགས་སོགས་འཐུང་ན་ཉེས་པ་ཀུན་སྐྱེད་པ་ཡིན་པས་དུས་རྟག་ཏུ་མི་འཕྲོད་པའི་སྐོམ་རིགས་གཏན་ནས་བསྟེན་མི་མི་རུང་ངོ་།།


གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X