//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > ལུས་སྦྱོང་གིས་ཚེ་བསྲིང་། > ནང་དོན།

བྱིས་པའི་ལུས་སྦྱོང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-14 9:48:03 ཀློག་གྲངས། 50 

དང་པོ། བྱིས་པའི་ལུས་སྦྱོང་བྱ་ཐབས།

༡ ཁྱེའུའི་གཞན་རྟེན་ལུས་སྦྱོང་། དེ་ནི་ཕ་མའམ་བུ་རྫིས་ཁྱེའུའི་ཡན་ལག་རྐྱང་སྐུམ་ལན་མང་བྱེད་དུ་བཅུག་ན་དེས་ཁྲག་གི་འཁོར་སྐྱོད་ཇེ་ལེགས་སུ་གཏོང་བ་དང་རྣམ་རིག་ཇེ་གསལ་དུ་འགྱུར་བ་བཅས་ལ་ཕན་ཞིང་། འགུལ་སྐྱོད་ཆེ་བའི་རྨང་གཞིར་འགྱུར་ནུས་བས་གོང་གི་བྱེད་ཐབས་འདི་ནི་བྱིས་པ་ཟླ་གཉིས་དང་དྲུག་གི་བར་གྱི་ཁྱེའུར་ཤིན་ཏུ་འཚམ། བྱ་ཐབས་ནི་ཉིན་རེར་ཐེངས་གཅིག་ནས་གཉིས་ལ་བྱའོ།།

༢ ཁྱེའུའི་རང་འགུལ་ལུས་སྦྱོང་། དེ་ཡང་ཟླ་དྲུག་ནས་བཅུ་གཉིས་བར་གྱི་ཁྱེའུ་གོག་ནས་འགྲོ་བ་དང་། ཡང་ན་ཙོག་པ། ཀན་རྐྱལ་དུ་བསྡད་ཅིང་ཡར་ལངས་བ། སྐྱོར་ཏེ་ལངས་བ། སྐྱོར་ནས་འགྲོ་ཐུབ་པ། ལག་གཉིས་ཀྱིས་དངོས་པོ་ཆེ་ཆུང་ལེན་ཨེ་ནུས་ལ་བལྟ་བས་སྦྱོང་བརྡར་ལན་མང་བྱའོ།། མདོར་ན་ཕྲུ་གུའི་ལུས་སྦྱོང་ནི་ཟླ་བཅུ་གཉིས་ནས་བཅོ་བརྒྱད་ཀྱི་ཕྲུ་གུ་ལམ་དུ་འགྲོ་མི་བརྟན་པའི་དུས་སུ་བུ་རྫིའི་རོགས་རམ་ལ་བརྟེན་ནས་གོ་རིམ་ལྡན་ཅིང་འོས་འཚམ་གྱི་བྱ་འགུལ་ལ་ཞུགས་པར་བྱ་དགོས་ལ། ཟླ་བཅོ་བརྒྱད་ནས་ལོ་གསུམ་བར་གྱི་ཕྲུ་གུས་ཕ་མའི་ངག་གི་དབྱངས་འགྲོས་དང་བསྟུན་ནས་ལད་ཟློས་ཀྱི་ལུས་སྦྱོང་བྱས་ཆོག་གི་རེད། དེ་ནས་རིམ་བཞིན་ཆེར་གྱུར་ནས་རང་ནུས་གང་འཚམ་གྱིས་ཡུལ་སྲོལ་ལུས་སྦྱོང་གི་རིགས་གང་འོས་དང་། བྱིས་པའི་རྩེད་མཚར་སྣ་ཚོགས། ལྒང་ལིའི་རིགས་ཀྱི་རྩེད་མོ། རྒྱུགས་རེས་མཆོང་རེས་སོགས་བྱིས་པའི་ལུས་པོའི་གནས་ཚུལ་དང་བསྟུན་ནས་ལུས་སྦྱོང་བྱས་ན་ཕྲུ་གུའི་ལུས་སེམས་བདེ་ཐང་ངང་འཚར་སྐྱེས་ཡོང་པ་མ་ཟད་ནད་རིགས་སྔོན་འགོག་དང་ནད་མེད་ཚེ་རིང་ཡོང་པ་ལ་ཤིན་ཏུ་སྨན་ནོ།།

གོང་ངོས། སྤྱི་བཤད།
X