//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

བྱམས་པ་ཐུབ་དབང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-12 9:16:31 ཀློག་གྲངས། 11 

བཀྲས་ཁང་བྱམས་པ་ཐུབ་དབང་ནི་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་བླ་སྨན། སྨན་རྩིས་ཁང་གི་ཡོན་ཀྲང་མཁྱེན་རབ་ནོར་བུའི་སློབ་དཔོན་ཡིན། ཁོང་ཐོག་མར་ལྷོ་བྲག་དུ་རྫོང་དཔོན་གྱི་ཕྱག་ལས་གནང་། རེ་ཞིག་བསྙུན་གཞི་དྲག་པོ་ཐེབས་ནས་ཡུལ་དེའི་སྨན་པ་ཞིག་གིས་གསོ་བཅོས་ཀྱིས་ཕན་བསྐྱེད་བྱུང་བས། ལྷོ་བྲག་སྨན་པ་དེའི་དྲུང་ནས་གསོ་རིག་ལ་གསན་སྦྱངས་མཛད། སྤྱི་ལོ་༡༨༩༧ལོར་རྒྱལ་བའི་བླ་སྨན་དང་། སྤྱི་ལོ་༡༩༡༤ལོ་ལ་བླ་སྨན་སྤྱི་ཁྱབ་མཁན་པོའི་དབུ་གནས་བསྩལ། སྤྱི་ལོ་༡༩༡༦ལོར་ལྷ་སར་སྨན་རྩིས་ཁང་གསར་དུ་བཙུགས་ནས། དངོས་སློབ་མཁྱེན་རབ་ནོར་བུ་འགོ་འཛིན་ལ་བསྐོ་བཞག་བྱས། དེ་མིན་དངོས་སློབ་གཙོ་བོ་ལ་ལྷུན་གྲུབ་གྲགས་པ་དང་ཚུལ་ཁྲིམས་སྙན་གྲགས་སོགས་བསྐྱངས། སྤྱི་ལོ་༡༩༢༡ལོར་ནོར་བུ་གླིང་ཁར་དངུལ་ཆུ་བཙོ་བཀྲུ་གྱི་ཕྱག་ལེན་གཙོ་སྐྱོང་གནང་ནས། སྤྱི་ལོ་༡༩༢༢ལོར་སྐུ་གཤེགས། བརྩམས་ཆོས་ལ་བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་ཡོད།

X