//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > ལུས་སྦྱོང་གིས་ཚེ་བསྲིང་། > ནང་དོན།

དར་མའི་ལུས་སྦྱོང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-14 11:10:07 ཀློག་གྲངས། 91 

སྔོན་འགྲོ།  

རྐང་བ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་བསྣོལ་ནས་སྙིང་ཁར་བཞག  རླུང་དལ་བུས་བཏང་།

གཅིག གྲ་སྒྲིག་བྱ་ཐབས།

རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་གི་པུས་མོ་ལ་ལག་པའི་ཐལ་མོ་ཁ་སྦུབས་པས་བཀབ་སྟེ།   ལྟོ་བ་གཡོན་ནས་གཡས་སུ་འཕུལ།   གཡས་ནས་གཡོན་དུ་འཕུལ།   ཡང་གཡོན་ནས་གཡས་སུ་འཕུལ་བ་སྟེ་གསུམ།  


ཡང་སྐྱིལ་ཀྲུང་གི་པུས་མོ་ཐལ་མོ་ཁ་སྦུབས་པས་བཀབ་པ་མ་བྲལ་པའི་ངང་ནས་གཡས་བཏེག་པ་གཅིག   གཡོན་བཏེག་པ་གཅིག   ཡང་གཡས་བཏེག་པ་གཅིག་སྟེ་གསུམ་མོ།


དེ་ནས་རྐང་པ་སྐྱིལ་ཀྲུང་ལ།  ལག་པ་གཉིས་ཁུ་ཚུར་སྙིང་གར་བསྣོལ་ལ་སོར་མོ་རྣམས་ཕྱིར་བསྟན་ཏེ་ཁུ་ཚུར་གཉིས་མདུན་དྲང་བོར་མིག་ཐད་བར་སྣང་ལ་འཕངས་ཏེ་ཐལ་མོ་བརྐྱང་བ་གཤིབས་ནས་ཇེ་དམར་བཏང་ཞིང་མདུན་གྱི་སྟན་ལ་རེག་པར་མནན་བཞིན་པའི་ངང་དུ་ཡར་སྐྱིལ་ཀྲུང་ནས་རིམ་གྱིས་སྙིང་གའི་བར་དུ་བཤུད་ཅིང་།  སྙིང་གར་ཐལ་མོ་རྒྱབ་སྤྲོད་བྱུང་བ་དང་ལག་པ་ཁུ་ཚུར་གཉིས་ཁ་ཕྲལ་ཏེ།  གྲུ་མོ་གཉིས་ཀྱི་རྩིབ་ལོགས་ལ་ཐག་བརྒྱབ་པ་གཅིག    ཡང་མདུན་དུ་འཕང་བ་སོགས་དེ་དང་འདྲ་བ་གསུམ་བྱ།

གཉིས།  མགོ་སྦྱོང་ཐབས།

དེ་ནས་ལག་པ་ཐལ་མོ་དྲག་ཏུ་བརྡབ་ཅིང་མཐིལ་གཉིས་སྟེང་འོག་ཆ་མཉམ་པར་དྲོད་མ་སྐྱེས་པར་མཉེས་ཏེ་མིག་གི་མདུན་ནས་ཕྱིར་བསྐོར་ཞིང་བྱུག་པ་གསུམ།

   

སྐྲ་མཚམས་ནས་བརྩམས་ཏེ་གདོང་ལ་ཕྱིར་བསྐོར་བའི་བྱུག་པ་གསུམ་བྱ།  

ཐལ་མོ་གཡས་མདུན་སོར་མོའི་རྩེ་གཡོན་དུ་བསྟན་ནས་དཔྲལ་བར་བཞག  གཡོན་པའི་སོར་རྩེ་གཡས་སུ་བསྟན་པ་ལྟག་པར་བཞག་སྟེ་གཡས་སུ་བསྐོར་བ།  གཡོན་དུ་བསྐོར་བ།  ཡང་གཡས་སུ་བསྐོར་བ་སྟེ་གསུམ་མོ།

གསུམ་པ། ལག་པ་སྦྱོང་ཐབས།

ལག་པ་གཡས་པའི་ཁུ་ཚུར་སྙིང་གར་དང་།  གཡས་པ་རྣ་བ་གཡས་པའི་ཐད་ཀར་བར་སྣང་ལ་བརྐྱངས་ཏེ། གཡོན་པའི་ཐལ་མོས་ཕྲག་པའི་ཚིགས་བར་ནས་བཀབ་སྟེ་སོར་མོའི་རྩེའི་བར་ཕྱི་ནས་བཤུད་ཅིང་།དེ་ནས་ཀྱང་ནང་ནས་ཚུར་མཆན་ཁུང་གི་བར་ལ་དྲག་ཏུ་བཤུད་པ་གསུམ། གཡོན་པ་ལའང་ལྡོག་སྟེ་བྱ་བ་འདྲའོ།

X