//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > ལུས་སྦྱོང་གིས་ཚེ་བསྲིང་། > ནང་དོན།

རྒན་པོའི་ལུས་སྦྱོང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-14 15:13:50 ཀློག་གྲངས། 41 

དང་པོ། རྒན་པོའི་ལུས་སྦྱོང་བྱ་ཐབས།

སྐབས་བབ་ཀྱི་རྒན་པ་ཚོའི་ལུས་སྦྱོང་བྱེད་ཐབས་ཡང་མིའི་སོ་སོའི་རང་བཞིན་དང་ཡུལ་དུས་ཀྱི་ཁྱད་ཆོས།  གནམ་གཤིས་ཀྱི་དྲོད་གྲང་། གཟུགས་པོའི་གནས་ཚུལ་སོགས་ལ་བསྟུན་ནས་ཞོགས་པ་སྔ་མོ་ཆུ་ཚོད་ལྔ་ནས་དྲུག་བར་དང་དགོང་མོ་ཆུ་ཚོད་བདུན་ཡས་མས་སུ་རང་སྡོད་སའི་ཁོར་ཡུག་གཙང་ལ་ཁ་དབུགས་དྭངས་སའི་གནས་ཞིག་ཏུ་ཐོག་མར་སེམས་སྦྱོང་བ་དང་། དེ་ནས་མགོ་སྦྱོང་བ། སྐེ་སྦྱོང་བ། ལག་པ་སྦྱོང་བ། རྐེད་ཚིགས་སྦྱོང་བ། དཔྱི་ཚིགས་སྦྱོང་བ། པུས་ཚིགས་སྦྱོང་བ། རྐང་པ་སྦྱོང་བ། སྒལ་ཚིགས་སྦྱོང་བ། ཡོ་གའམ་སྒོམ་རྒྱག་པ་སོགས་དང་། ཡང་ན་སྔ་དགོང་གཉིས་སུ་བསྐོར་བ་བྱེད་པ མ་ཎི་བསྐོར་བ། སྐུམ་ཕྱག་དང་བརྐྱངས་ཕྱག་གང་རུང་འཚལ་བ ཁྱད་པར་དུ་རྩེད་མོའི་རྣམ་པ་སྟེ་བསྐོར་བྲོ་དང་བོད་བྲོ་སོགས་འགུལ་སྐྱོད་བྱེད་ཐབས་གཞན་ཡང་མི་སོ་སོའི་རང་བཞིན་དང་ཡུལ་དུས་ལ་བསྟུན་ནས་ལུས་སྦྱོང་བྱེད་རྒྱུ་ནི་གལ་ཆེ་ལ མདོར་ན་གོང་གི་ལུས་སྦྱོང་གི་རྣམ་པ་རེ་རེ་ཡང་རང་གི་གཟུགས་གཞི་བདེ་ཐང་གི་ཆེད་དུ་ཡིན་པ་ཤེས་དགོས་སོ།


X