//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > ལུས་སྦྱོང་གིས་ཚེ་བསྲིང་། > ནང་དོན།

རྒན་པའི་སྤྱོད་ལམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-15 8:51:35 ཀློག་གྲངས། 15 

དང་པོ། རྒན་པའི་སྤྱོད་ལམ་གྱི་ལེགས་ཉེས་བསྟན་པ།

༡ བསྟེན་རུང་བའི་སྤྱོད་ལམ། དུས་རྒྱུན་གྱི་འཚོ་བའི་ནང་རྒས་པ་རྣམས་ཕྱི་ལ་འགྲོ་དགོས་པ་བྱུང་ན་ཐོག་མར་ཡུལ་གང་དེའི་གནམ་གཤིས་ལ་གསལ་བོར་བརྟགས་ནས་འགྲོ་རྒྱུ་ལས་གང་བྱུང་དུ་འགྲོ་བར་མི་བརྩམ་ལ། གཙོ་བོ་རང་གི་གཟུགས་པོའི་བདེ་ཐང་གི་ཆེད་ལ་བསམ་མནོ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ། ལྷག་པར་དུ་རྒས་པ་ནི་རླུང་གི་རང་བཞིན་གྱི་མི་ཡིན་པའི་ཆ་ནས་ཡུལ་དྲོ་སར་འདུག་པ་དང་།  གནས་ཁང་དང་མལ་གོས་སོགས་ཀྱང་དྲོ་བའི་རིགས་བསྟེན་དགོས་རྒྱུ་རེད།  དེ་བཞིན་དུ་གཉིད་ལོག་གི་སྤྱོད་ལམ་དང་ཁྲུས་ཀྱི་སྤྱོད་ལམ་གང་ཡང་ཐོག་མར་རྒན་པ་ཁོ་རང་ཚོའི་རང་བཞིན་དང་གཟུགས་པོའི་གནས་ཚུལ་སོགས་ལ་སྟུན་ནས་གང་ལ་གང་འཚམ་གྱི་སྤྱོད་ལམ་ཞིག་བསྟེན་ན་བཟང་ལ  མདོར་བསྡུས་ན་དཔལ་ལྡན་རྒྱུད་བཞིའི་རྒྱུན་སྤྱོད་ཀྱི་ལེའུའི་དགོངས་པ་བཞིན་སྦྱོར་བ་ལག་ཏུ་ལེན་ཤེས་ན་རྒན་པོའི་ལུས་སེམས་བདེ་ཐང་གི་ཕྱོགས་ལ་ཕན་པ་ཆེན་པོ་ཡོད་པ་རེ

༢ བསྟེན་མི་རུང་བའི་སྤྱོད་ལམ། དཔལ་ལྡན་གསོ་བ་རིག་པའི་གཞུང་ལས  ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང་།།  ཞེས་གསུངས་པ་དང་། སྐབས་བབ་ཀྱི་རྒས་པ་ནི་ན་ཚོད་བགྲེས་པ་ཡིན་པས་ན་རླུང་སློང་བར་བྱེད་པའི་སྤྱོད་ལམ་ཏེ་དཔེར་ན་མཚན་མོའི་དུས་སུ་གཉིད་མི་ལོག་པར་རྩེད་མོ་སོགས་གཞན་ལ་རོལ་བའམ་ཡང་ན་ཁ་ཟས་དུས་སུ་མི་བསྟེན་པ་ལྟོ་ཆགས་པ་སོགས་ནི་གཏན་ནས་བྱ་མི་རུང་ལ། དེ་བཞིན་དུ་འགྲོ་མང་དྲགས་པ་དང་ཡང་ན་གནས་གཅིག་ཏུ་མི་འགུལ་བར་འདུག་དྲགས་པའང་བྱ་མི་རུང་། ལྷག་པར་དུ་གནས་ཁང་སོགས་བསིལ་སར་འདུག་པ་དང་ཡང་ན་རང་གིས་མི་ཐེག་པ་བཞིན་དུ་ཨུ་ཚུགས་ཀྱིས་ཁུར་བ་དང་། སྒོས་སུ་གཟུགས་པོས་མི་ནུས་བཞིན་དུ་ཉལ་བོར་སྤྱོད་པ་སོགས་ནི་རྒན་པ་ཚོས་དྲན་ཤེས་བཞིན་དུ་སྤང་དགོས་པ་ཡིན།


X