//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > ངག་གིས་ཚེ་བསྲིང་། > ནང་དོན།

དར་མའི་ངག་གི་སྒོ་ནས་ཚེ་བསྲིང་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-15 10:09:15 ཀློག་གྲངས། 25 

སྤྱིར་ངག་གི་ལས་ནི་སྨྲ་བ་ཞེས་པ་ལྟར་དུས་རྒྱུན་གྱི་འཚོ་བའི་ནང་མི་དར་མ་རྣམས་ཀྱིས་ངག་གི་ལས་གང་ཞིག་ལ་སྤྱོད་པས་དུས་ཐོག་མར་རང་གི་ངག་ཚིག་རེ་རེ་ནི་མི་དགེ་བ་གང་རུང་གི་ལས་སུ་མི་ལྷུང་བར་ལེགས་པར་སྨྲ་བར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། དཔེར་ན་ནམ་ཡང་རྫུན་སྤངས་ནས་བདེན་པ་བདེན་དྲང་དུ་སྨྲས་པ་ཡིན་ན་མི་ཀུན་གྱིས་ཁྱོད་ལ་བསྟོད་ཅིང་བྱམས་པ་དང་།  དེ་བཞིན་དུ་ནམ་ཡང་ཕྲ་མ་སྤངས་པས་ན་རང་གི་འཁོར་གཡོག་ཀུན་གྱིས་ཁྱོད་ལ་གུས་བཀུར་བྱེད་པ་ཡིན།  དེར་མཚུངས་སུ་ནམ་ཡང་ཚིག་རྩུབ་ཀྱི་རིགས་སྤངས་པས་ན་རང་གི་ཚིག་བཙུན་པ་ལ་སོགས་པའི་དགེ་བ་མང་པོ་ཡོད།  མདོར་ན་དུས་རྒྱུན་དུ་ངག་གི་རྩོལ་བ་ནི་དམན་ལྷག་ལོག་པའི་དབང་དུ་མ་སོང་བ་ཤིན་ཏུ་གཅེས་ལ།  རབ་ཡིན་ན་ངག་གི་བྱེད་ནུས་ནི་ལུས་སེམས་ཀྱི་འགལ་ཟླར་མ་སོང་པར་བདེ་ཐང་གི་ཕྱོགས་ལ་སྦྱོང་བརྡར་ལེགས་པོ་བྱས་ཏེ་མི་སེམས་འགུལ་བའི་དཔའ་བོའི་གཏམ་རྒྱུད་དང་།  ཡང་ན་སྙན་པའི་གླུ་དང་སྐྱེས་བུ་དམ་པའི་རྟོགས་བརྗོད་དང་མགུར་གླུ། ལྷག་པར་དུ་ལྷ་མོ་དབྱངས་ཅན་མའི་ངག་གི་བསྟོད་པ་སོགས་ཉིན་རེར་བཞིན་མགྲིན་པའི་དབྱངས་སུ་གྱེར་བར་སྤྲོ་ན་ངམ་ངམ་ཤུགས་ཀྱིས་དར་མའི་ངག་གི་ཚེ་བསྲིང་ལ་དགེ་མཚན་རྒྱ་ཆེན་པོ་ཞིག་ཐོན་ཡོང་གི་རེད།


X