>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

གནྡྷི།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-22 15:12:02 ཀློག་གྲངས། 25

  བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གནྡྷིས་ས་གདོན་མཛེ་ཡི་ནད་ལ་ཕན།། ཞེས་པ། སུ་གནྡྷི་ཞེས་བྱ་བའི་རིན་པོ་ཆེ་སྟེ། རཀྟ་སུ་གནྡྷི་དང་།ནཱི་ལ་སུ་གནྡྷི་གཉིས། རཀྟ་སུ་གནྡྷི་ནི།ཟངས་ཀྱི་མདོག་ལྟ་བུ་འོད་ཟེར་སོར་ཕྱེད་ཙམ་འབྱུང་བ་ཡོད།རིན་ནི་དངུལ་དང་བརྗེ་བའོ།།ནཱི་ལ་སུ་གནྡྷི་ནི་མདོག་སྔོ་ནག་འོད་སོར་གསུམ་གྱི་ཚད་འབྱུང་བ་དངུལ་དང་ལྔ་སྐོར་བྱེད་པ། དེ་གཉིས་མ་ག་དྷཱ་དང་།སིང་ག་ལ་ནས་འབྱུང་ལ་དབྱིབས་ཟུར་གསུམ་པ་རང་བྱུང་དུ་གྲུབ་པ།
   མཛེས་མཚར་མིག་རྒྱན་ལས། གནྡྷི་ནི། དྭངས་ཤས་ཆེ་བ་རྩ་རྒྱ་སྣང་བ་ཁ་དོག་དམར་སྐྱ་ནལ་གྱི་བྱེ་བྲག་ཅིག་ཡིན།

X