>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

མཆོང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-23 10:35:26 ཀློག་གྲངས། 32

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མཆོང་དང་མརྒད་དག་ཀྱང་དེ་དང་འདྲ།། འདི་ལ་རིགས་བཞི་འབྱུང་བའི་མཆོག་ནི། དཀར་ལ་སྔོ་མདངས་ཅན་དངས་པས་ཕྱི་ནང་མི་བསྒྲིབ་པ་ཞིག་འབྱུང་བ་དཀར་མོ་ལག་གཡས་ཞེས་པ་སྡེ་བརྒྱད་སྲུང་ནུས་པའི་ནོར་བུ་ཡིན་པ་དང་། དེ་འདྲ་བ་ལས་དེ་ཙམ་མི་དངས་པ་དམར་མདངས་ཆགས་པ་མ་ན་ཧཱུ་ཞེས་པའང་སྔ་མ་དང་ཕྱོགས་མཚུངས་ཙམ། འདི་གཉིས་མ་ཧཱ་ ཙི་ན་ནས་འབྱུང་། ཁ་ཆེའི་ཡུལ་ནས་འབྱུང་བའི་དམར་པོ་དང་། སྔ་རབས་ཀྱི་དཀར་ཁྲ་ཞིག་འབྱུང་བ་དམན་པར་བཤད། ནུས་པ་གཟི་དང་འདྲ་ཞེས་པ།

X