>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

རྡོ་ཡི་སྙིང་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-25 9:32:21 ཀློག་གྲངས། 21

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རྡོ་ཡི་སྙིང་པོས་མཆིན་པའི་དུག་ནད་སེལ།། ཞེས་པ། རིན་པོ་ཆེ་ཨསྨ་གརྦྷ་ཞེས་བྱ་བ་ལ་རིགས་གཉིས་ཏེ། ཨསྨ་གརྦྷ་དང་། དྲུ་མ་ཨསྨ་གརྦྷའོ།། ཨསྨ་གརྦྷ་ནི་མདོག་ཤིན་ཏུ་གནག་པ་ལ་འོད་ཟེར་ཤིན་ཏུ་དམར་བ་འབྱུང་། དྲུ་མ་ཨསྨ་གརྦྷ་ནི་སྔ་མ་དང་འདྲ་བ་ལ་འོད་ཅུང་ཞིག་གསལ། འདི་གཉིས་ཆུ་ནང་གི་རྡོ་ལས་སྐྱེས་པའི་ཚུལ་དུ་འབྱུང་བས་ཨསྨ་གརྦྷ་སྟེ་བོད་སྐད་དུ་རྡོའི་སྙིང་པོ་ཞེས་བྱ། ཡུལ་སིང་ག་ལ་དང་སྃ་རཱཥྐཱ་རྣམས་ནས་འབྱུང་ལ། གོང་ཚད་ནི་སྔ་མ་ལ་དངུལ་གྱི་དོ་སྐོར་ཕྱི་མ་ལ་བརྗེ་བོ་བྱེད་པ། སློབ་དཔོན་ཡང་དག་བདེན་པས། རྡོའི་སྙིང་པོ་ནི་ཁ་དོག་དམར་པོ། ཞེས་པ་དང་། པཎ་ཆེན་ཚུལ་ཁྲིམས་བསྐྱངས་ཀྱིས་རྡོའི་སྙིང་པོ་ནི་མརྒད་ཡིན་གསུངས་པ་དང་། བོད་ཀྱི་གབ་ཚིག་ཏུ་དངུལ་ལ་རྡོའི་སྙིང་པོ་ཞེས་པ་དེ་རྣམས་ལ་སྐབས་འདི་མི་ཚོམ་པར་བྱ།
   སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཨསྨ་སྭོ་ར་རྡོའི་སྙིང་པོ།

གོང་ངོས། རྡོ་རྗེ།
X