//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > ཡིད་ཀྱིས་ཚེ་བསྲིང་། > ནང་དོན།

བྱིས་པའི་ཡིད་ཀྱི་སྒོ་ནས་ཚེ་བསྲིང་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-15 14:28:12 ཀློག་གྲངས། 26 

དེ་ཡང་ཕ་མ་རྣམས་ཀྱིས་རང་གི་བྱིས་པའི་སེམས་ཁམས་རྒྱུན་ལྡན་ཞིག་ཡོང་ཆེད་ཕྲུ་གུ་ཆུང་ཆུང་གི་དུས་ནས་བཟུང་བྱིས་པའི་སེམས་ཁམས་འཚར་སྐྱེས་ཀྱི་ཕྱོགས་ལ་གནོད་པའི་བྱ་སྤྱོད་ཅི་རིགས་དོར་ནས་བྱིས་པའི་སེམས་ཁམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁག་ཐེག་བྱ་དགོས་ལ། དེ་བཞིན་དུ་བྱིས་པའི་སེམས་ཁམས་འཚར་སྐྱེས་ཀྱི་འགྲོས་དང་བསྟུན་ནས་ཕ་མ་དང་བུ་རྫི་གང་གིས་བྱིས་པ་ལ་ཡིད་ཀྱི་སྒོ་ནས་མི་དགེ་བ་ཇི་ལྟར་སྤང་ཚུལ་གྱི་བསླབ་བྱ་ཡང་ཡང་གནང་དགོས།  རྫ་དཔལ་སྤྲུལ་རིན་པོ་ཆེས།  བརྣབས་སེམས་སྤངས་པས་བསམ་དོན་འགྲུབ། གནོད་སེམས་སྤངས་པས་འཚེ་བ་དང་བྲལ།  ལོག་ལྟ་སྤངས་ནས་ལྟ་བ་བཟང་པོ་རྒྱུད་ལ་སྐྱེ་བ་སོགས་ཀྱི་ཕན་ནུས་སམ་དགེ་བའི་གནས་ལུགས་མང་པོ་བརྗོད་དགོས་རྒྱུ་རེད།  དེ་ལྟར་གོང་གི་བསླབ་བྱ་རྣམས་ཐོག་མར་ཕ་མ་རང་གི་སེམས་ངོར་བླང་རྒྱུ་གལ་ཆེ་ལ་དེ་ནས་ཕ་མ་རང་རང་གི་སེམས་ཁམས་དང་བྱ་སྤྱོད་ཀྱི་ཐད་ནས་བཅོས་བསྒྱུར་དང་དོ་སྣང་བྱེད་དགོས་ས་མང་པོ་ཡོད་དེ།  དཔེར་ན་བྱིས་པའི་སེམས་ཁམས་བདེ་ཐང་ནི་མི་ལུས་བདེ་ཐང་གི་ཆེས་རྩ་བའི་རྨང་གཞི་ཡིན་པས་ན་ཕ་མ་ཚོས་དུས་རྒྱུན་གྱི་འཚོ་བའི་ནང་དུ་བྱིས་པའི་གམ་དུ་ཁ་རྩོད་འཛིང་རེས་སོགས་བཟའ་འཁོན་མི་བྱེད་པ་གལ་ཆེ་ལ། ད་དུང་ཁྱིམ་ཚང་ནང་དུ་མི་མང་པོ་བསྡུས་ནས་ཤོ་རྒྱག་རྒྱ་འཇོག་གི་ལས་སོགས་བྱིས་པའི་སེམས་ཁམས་བདེ་ཐང་གི་ཐད་ལ་གནོད་པའི་བྱ་སྤྱོད་དེའི་རིགས་གཏན་ནས་སྤང་དགོས་བ་མ་ཟད།  བྱིས་པའི་སེམས་ཁམས་དང་འཚམ་པའི་སློབ་གསོ་གཏོང་པ་ལས་དོན་མེད་དུ་བྱིས་པར་གཅར་བརྡུང་དང་སྡིགས་དམོད།  ཟུར་ཟ་དང་འཕྱ་སྨོད་སོགས་མི་བྱེད་པ་གལ་ཆེ།   རབ་ཡིན་ན་བྱིས་པའི་གམ་དུ་འཇིག་རྟེན་མི་ཆོས་དང་དམ་པ་ལྷ་ཆོས་ཀྱི་དགོངས་པ་དང་མཐུན་པར་རང་གི་དྲིན་ཆེན་ཕ་མ་ལ་ཡིད་ཀྱི་སྒོ་ནས་བཀུར་སྟི་དང་།  དེ་བཞིན་དུ་རྒན་པའི་རིགས་ལ་གུས་བཀུར།  གཞོན་པ་ལ་བརྩི་བཀུར་དང་ཆུང་བ་ལ་བྱམས་སྐྱོང་བྱེད་པ་བཅས་ཀྱི་གོམས་སྲོལ་བཟང་པོ་དེ་དག་རྒྱུན་འཁྱོངས་བྱས་ཏེ་བྱིས་པར་ལམ་སྟོན་གྱི་སྒྲོན་མེ་དང་མི་གཤིས་བཟོ་སྐྲུན་གནང་མཁན་ཞིག་བྱུང་ན་ངམ་ངམ་ཤུགས་ཀྱིས་བྱིས་པས་ཀྱང་ཡིད་ཀྱི་སྒོ་ནས་རང་གི་ཕ་མ་ལ་བཀུར་སྟི་དང་དགེ་རྒན་ལ་བརྩི་བཀུར་བྱེད་པ་དང་ལྷག་ཏུ་བྱིས་པའི་སེམས་ཀྱི་སྤྱོད་སྒོ་ལེགས་ཤིང་བསམ་བློ་དང་མི་གཤིས་བཟང་པོ་ཞིག་སྐྱེད་སྲིང་བྱེད་པའི་ཕྱོགས་ལ་ཕན་པ་རྒྱ་ཆེན་པོ་ཞིག་ཐོན་ཐུབ་བོ། །


གོང་ངོས། སྤྱི་བཤད།
X