>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

གནམ་ལྕགས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-25 9:50:10 ཀློག་གྲངས། 10

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གནམ་ལྕགས་རིགས་ཀྱིས་བགེགས་འཇོམས་སྨྱོ་བྱེད་ཐུབ།། ཅེས་པ་སྔོན་བྱོན་དྲེགས་འདུལ་རྣམས་ལ་སྡེ་བརྒྱད་སོགས་ཀྱིས་ཕུལ་བའི་ལྕགས་ཁ་དོག་རིགས་ལྔ་སོགས་འབྱུང་། དེ་དག་གི་ཕྱག་མཚན་བྱས་པ་གཏེར་དུ་སྦས་མིན་སྣ་ཚོགས་འབྱུང་ལ། རྭ་དང་ཤིང་སོགས་ཀྱིས་བརྡུངས་ན་སྐད་སྙན་པོར་སྒྲོགས་པ། ཁ་དོག་གསལ་མིན་སྣུམ་མདངས་ཅན་ལྕགས་ཕལ་པས་མི་བརྫི་བ།
   མཛེས་མཚར་མིག་རྒྱན་ལས། ས་འོག་ནས་འབྱུང་བའི་དབྱིབས་སྣ་ཚོགས་རྭ་ཤིང་གིས་བརྡུངས་ན་སྐད་སྙན་དང་མདོག་གསལ་མིན་སྣུམ་མདངས་ཅན་ལྕགས་ཕལ་བས་མི་བརྫི་བར་གནམ་ལྕགས་ཟེར།

གོང་ངོས། ནལ།
X