>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

པ་ཏྲ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-25 9:53:40 ཀློག་གྲངས། 47

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། པ་ཏྲས་སྦྱར་དུག་བརྟག་དང་སྲུང་བར་ནུས།། ཞེས་པ་ལ་རིགས་གཉིས་ཏེ། ཨ་ཡི་ལ་པ་ཏྲ་དང་། ཀེ་ལ་པ་ཏྲའོ།། འདི་གཉིས་ཀ་དབྱིབས་ཉ་སྐྱོགས་ལྟ་བུ་ལས། ཁྱད་པར་ནང་གི་ཁོང་འབུའི་གཞུང་སྲོག་ཐུར་ཕྲེང་ཐག་ལྟར་ལ་འབུའི་ཤ་ངམ་སོར་ལྔ་དྲུག་ཙམ་རེ་ཕྲེང་བ་བརྒྱུས་པ་ལྟར་ཡོད་པའི་ཤུལ་དང་གའི་ཚིགས་འགགས་ལྟར་ཡོད་པའི་དཀྱིལ་དུ་སྲོག་ཐུར་གྱི་ཤུལ་བུག་ཡོད་ལ་ཤས་ཉ་སྐྱོགས་ལས་སྲབ་པ་ཚད་ཉ་སྐྱོགས་ལས་ཅུང་ཆེ་བ་ཡོད། དེའི་ཨ་ཡི་པ་ཏྲ་ནི་ཤིན་ཏུ་དམར་བའི་འོད་ཅན། གོང་གསེར་དང་བརྗེ་བོ་རི། ཀེ་ལ་པ་ཏྲ་ནི་ཁ་དོག་ཉ་སྐྱོགས་ལེགས་པ་ལྟར། རིན་གསེར་གྱི་བུན་རྩིས་བྱེད། སྔ་མ་མཆོག་ཡིན། ཕྱི་མ་དམན། གཉིས་ཀ་རྒྱ་མཚོ་ལས་འབྱུང་ངོ་། འདི་ནང་དུ་ཟས་བླུགས་པས་སྦྱར་དུག་ཡོད་ན་ཚེགས་སྒྲ་བཅས་ཡར་བ་དང་ཁོལ་བ་ལྦུ་བ་སོབ་པ་སོགས་སྟོབས་དང་མཐུན་པའི་རྟགས་ཡོང་། གྱུར་དུག་ཕྲན་བུ་ཞག་རེ་བཞག་པས་མེད་པར་འགྱུར།
   མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། པ་ཏྲ་ཉུང་མ་གཤགས་པ་འདྲ།
   མཛེས་མཚར་མིག་རྒྱན་ལས། པ་ཏྲ་ནི། རྒྱ་མཚོ་ལས་འབྱུང་བ་ཁ་དོག་དམར་དཀར་གཉིས་དང་དབྱིབས་ཉ་སྐྱོགས་ལྟ་བུ་ལས། ནང་གི་ཁོང་འབུའི་གཞུང་སྲོག་ཐུར་ཕྲེང་ཐག་ལྟར་ལ་འབུའི་ཤ་སོར་ལྔ་དྲུག་ཙམ་རེ་ཕྲེང་བརྒྱུས་པ་ལྟར་ཡོད་པའི་ཤུལ་དོང་གའི་ཚིགས་འགགས་ལྟར་ཡོད་པའི་དཀྱིལ་དུ་སྲོག་ཐུར་གྱི་ཤུལ་བུག་ཡོད་ལ། ཤ་སྐྱོགས་ལས་སྲབ་པ། ཚད་ཉ་སྐྱོགས་ལས་ཅུང་ཆེ་བ་ཡོད།

གོང་ངོས། ཡིག་ཆ་མི་འདུག
X