>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

སྦྲུལ་གྱི་ནོར་བུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-25 10:44:37 ཀློག་གྲངས། 12

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སྦྲུལ་གྱི་ནོར་བུས་དུག་སྲུང་ནད་ལ་ཕན།། ཞེས་པ། སརྦ་མ་ཎི་ཞེས་བྱ་བ། ཁ་དོག་ཙུ་ར་མ་ཎི་ཇི་ལྟ་བ་ལས་ཁྱད་པར་དུ་ཆུ་སྟེང་དུ་བཞག་ན་གཏིང་དུ་མི་བྱིང་བ་ཞིག་ཡོད། ངོ་བོ་ནི་སྦྲུལ་གྱི་ཁ་ནས་ཡོང་བ་ཡིན་ལ། མ་ཧཱ་ཙི་ན་ལ་སོགས་པའི་ཤར་ཕྱོགས་ཀྱི་ཡུལ་རྣམས་ནས་འབྱུང་ལ་རིན་ཚད་དངུལ་ཞོ་བརྒྱར་བཤད།
   སྨན་མིང་རྒྱ་མཚོ་ལས། སྦྲུལ་གྱི་ནོར་བུས་དུག་ལ་ཕན།།

གོང་ངོས། སྦུར་ལེན།
X