>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

གཟི་རྙིང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-25 15:03:27 ཀློག་གྲངས། 33

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གཟི་རྙིང་གཟའ་ཡི་ནད་དང་གདོན་གཟེར་འཇོམས།། ཞེས་པ། རྟོགས་སླ་ལ་གསར་བ་མི་འབྱུང་། དབྱིབས་མདོག་ནག་ཁྲ་སེར་ཁྲ་ཁམ་ཁྲ་དང་། ཟླུམ་པོ་སྟག་ལོག རྐང་རིང་། ཁྲ་ཆུང་རྣམས་འབྱུང་། སྔོན་བཟོ་ཁྲ་འཁྱོགས་དང་མ་ནོར་བ་གཅེས། སྲུང་བའི་མཆོག་ནི་སྟག་ལོག་ཟླུམ་པོ་དང་། རྐང་རིང་འགྱུར་དགུ་ཡིན། འདིས་ཕྱིས་པས་མིག་ནད་ལ་ཕན་པ་དང་། ཆུ་གྲང་དུ་ཞག་གཅིག་སྦངས་པའི་ཆུས་ཁྲག་གིས་གཟེར་བ་ལ་ལྕག་ཏུ་བརྡེགས་པ། བཏུང་བས་གཟའ་ནད་ཁྲག་ལ་བབས་པར་ཕན། ཁོང་སྨན་དུ་འགྲོ་བའང་ཡོད། མདེའུར་སྦྱར་ནས་བྱ་གདོན་གཟིར་ཐབས་དང་། ལུས་ལ་འཆང་བས་གཟའ་ནད་སྲུང་བར་ཡང་བཤད། འདི་ཀླུས་འཆོས་ནས་ཀླུ་སྒྲུབ་ལ་སྔར་ཕུལ་ཕྱིས་མ་བུད་ཟེར་བའི་ཁ་བཤད་ཙམ་ལས་ཁུངས་མ་མཐོང་།
   འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། གཟི་རྙིང་མདོག་དབྱིབས་ནག་ཁྲ་སེར་ཁྲ་ཁམ་ཁྲ་དང་། ཟླུམ་པོ་སྟག་ལོག རྐང་རིང་། ཁྲ་ཆུང་།
   མཛེས་མཚར་མིག་རྒྱན་ལས། གཟི་ནི། ལྕགས་ཀྱིས་བརྡུངས་ན་མེ་འབར་བ་སྤྲིན་སྤུངས་ལྟ་བུ་མདངས་ཅན་སྔོ་དཀར། ནག་སེར་ཁྲ་སྣ་ཚོགས་མདོག་ཡོད་པ་ལས། དམར་པོར་མཆོང་ཟེར་བ།

གོང་ངོས། ཟི་ལ།
X