//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > ཡིད་ཀྱིས་ཚེ་བསྲིང་། > ནང་དོན།

རྒན་པོའི་ཡིད་ཀྱི་སྒོ་ནས་ཚེ་བསྲིང་ཐབས།

ཇུས་འགོད་པ། gly རྩོམ་སྒྲིག་པ། དུས་ཚོད། 2015-01-15 15:42:48 ཀློག་གྲངས། 17 

རྒན་པ་རྣམས་ཀྱིས་ཡིད་ཀྱི་ལས་མི་དགེ་བ་གསུམ་དོར་ནས་དགེ་བ་གསུམ་ཚུལ་བཞིན་བླང་བར་བྱ་རྒྱུ་ནི་རྒན་པོའི་སེམས་ཁམས་བདེ་སྐྱིད་དང་ནད་མེད་ཚེ་བསྲིང་ཡོད་པ་ལ་ཕན་ནུས་ཆེན་པོ་ཡོད་པ་རེད།  རྫ་དཔལ་སྤྲུལ་རིན་པོ་ཆེས།  བརྣབ་སེམས་ཀྱི་རྒྱུ་མཐུན་པའི་འབྲས་བུར་ཡིད་ལ་བསམ་པ་མི་འགྲུབ་ཅིང་མི་འདོད་པ་ཐོག་ཏུ་འབབས། གནོད་སེམས་ཀྱིས་འཇིགས་ཤིང་སྐྲག་པ་དང་འཚེ་བ་མང་།  ལོག་ལྟས་ལྟ་བ་ངན་པ་ལ་གནས་པ་དང་། ཡང་ན་ཡིད་ཀྱི་སྒོ་ནས་གཞན་གྱི་རྫས་ལ་རེ་བ་བརྣབས་སེམས་དང་།  སེམས་ཅན་ལ་སྡང་བར་འཛིན་པའི་གནོད་སེམས། ལས་རྒྱུ་འབྲས་དང་འཇིག་རྟེན་ཕ་རོལ་ལ་སོགས་པ་མེད་པར་འཛིན་པ་ལྟ་བ་ཕྱིན་ཅི་ལོག་པ་སྟེ་ཡིད་ཀྱི་ལས་མི་དགེ་བ་གསུམ་ནི་འབད་པས་སྤང་བར་བྱའོ།།  ཞེས་པ་ལྟར་གོང་དུ་བསྟན་པའི་ཡིད་ཀྱི་ལས་མི་དགེ་བའི་དབང་དུ་མི་ལྟུང་བར་དམ་པ་ལྷ་ཆོས་ཀྱི་ཕྱོགས་ལ་བརྩོན་པར་བྱ་རྒྱུ་ནི་གལ་ཆེན་པོ་རེད།  དེ་ཡང་རྒན་པོ་ཞིག་ལ་མཚོན་ན་སྔར་དགོས་མེད་ཀྱི་ལས་མི་དགེ་བ་ཅི་བསག་པ་གང་རུང་ལ་གཉེན་པོ་སྟོབས་བཞི་སོགས་ཀྱི་སྒོ་ནས་འགྱོད་བཤགས་ཡང་ཡང་བྱས་ནས་སླད་ཕྱིན་ཡིད་ཀྱི་ལས་མི་དགེ་བ་གང་ཡང་མི་བྱེད་པའི་དམ་བཅའ་བརྟན་པོ་ཞིག་བཅོས་ཏེ་ནམ་ཡང་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ཡང་དག་པ་ཞིག་ཡོད་དགོས་པ་ནི་ཆ་རྐྱེན་གཙོ་བོ་རེད།  ཇི་སྐད་དུ།  སེམས་དང་བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།  སེམས་དང་བསམ་པ་ངན་ན་ས་དང་ལམ་ཡང་ངན།། ཐམས་ཅད་བསམ་པ་དག་ལ་རག་ལས་པས རྟག་ཏུ་བསམ་པ་བཟང་པོར་འབད་པར་བྱཞེས་གསུངས་པ་ལྟར་རབ་ཡིན་ན་རྒན་པ་རྣམས་ལ་བདག་ལས་གཞན་གཅེས་ཀྱི་བསམ་པ་བཟང་པོ་ཞིག་དང་དེ་བཞིན་དུ་སེམས་ཅན་ཐམས་ཅད་བདེ་འདོད་ཀྱི་སེམས་ཁམས་ཁྱད་པར་བ་ཞིག་ཡོད་ན་གཟོད་ནས་རྒན་པོའི་ཡིད་སེམས་སྐྱིད་པོ་དང་།  ལུས་སེམས་བདེ་བོ།  སྣང་བ་སྤྲོ་པོ།  ནད་མེད་ཚེ་རིང་ཡོང་པ་མ་ཟད་ཁྱིམ་ཚང་བདེ་སྐྱིད་དང་སྤྱི་ཚོགས་འཆམ་མཐུན་ཡོང་བ་ལའང་དགེ་མཚན་བླ་ན་མེད་པ་འབྱུང་གི་རེད།

X