>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

ལི།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-25 15:20:51 ཀློག་གྲངས། 10

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ལི་ཡིས་མིག་གི་སྐམ་ཚག་རྔོ་འབྲས་འདུལ།། ཞེས་པའི་ལི་ལ་རྒྱ་ལི་བོད་ལི་གཉིས། དེ་རེ་རེ་ལའང་དཀར་དམར་གཉིས་རེ་ཡོད་ལ། རྒྱ་གར་གྱི་ལི་རྡོ་རང་བཞུས་པ་ནས་ལི་འབྱུང་བ་ལི་ཡུལ་གྱི་རི་ལས་འབྱུང་བ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ལ། པུཎྡྲི་རཱི་ཀའི་ཞལ་སྔ་ནས། ལི་དཀར་དཀར་དངས་ཅུང་ཟད་སེར་བ་ཡིན།། ལི་དམར་དམར་མདངས་ཅུང་ཟད་སེར་བ་ཡིན།། འདི་གཉིས་ལི་ཡུལ་རི་ལ་ཐུབ་དབང་བཞིས།། བྱིན་གྱིས་བརླབས་པ་ལས་འོང་མཆོག་ཏུ་བསྔགས།། ཞེས་པའི་ལི་འདིའི་གཡའ་མིག་ལ་བྱུགས་ན་སྐམ་ཚག་ལ་མཆོག་ཏུ་ཕན་ལ། བོད་ལི་ནི་སྟོད་ཀྱི་གཤའ་དཀར་དངུལ་འདྲ་བ་ལ་ཟངས་དྲུག་སྐོར་བསྲེས་པ་དང་བརྒྱད་སྐོར་བསྲེས་པ་ལ་བལ་པོ་སོགས་ཀྱིས་མཆོད་ཆ་བྱས་པའི་ལི་འདི་འདྲ་བ་དཀར་དམར་འབྱུང་བའི་མེ་ལོང་གི་གཡས་ཀྱང་མིག་ལ་ཕན་ཞིང་། ལི་དེའི་བསྲེག་ཚུག་གིས་རྔོ་འབྲས་འདུལ་བ་ཡིན།
   མཛེས་མཚར་མིག་རྒྱན་ལས། ལི་ནི། ལི་ཡུལ་གྱི་རྡོ་བཞུ་བ་ལས་འབྱུང་བའི་རྒྱ་ལི་ལ་གཉིས། ལི་དཀར་དཀར་དངས་ཅུང་ཟད་སེར། ལི་དམར་དམར་དངས་ཅུང་ཟད་སེར། དེ་རྣམས་ཀྱིས་ལྷ་སྐུ་བསྐྲུན་པ་ཡིན། བོད་ལི་ལ་གཉིས། སྟོད་ཀྱི་གཤའ་དཀར་ལ་ཟངས་དྲུག་དང་བརྒྱད་སྐོར་བསྲེས་པའི་དཀར་པོས་ཆ་ལིང་དང་དམར་པོས་མཆོད་ཏིང་བྱས་པ་དང་། དེར་རིན་ཆེན་སྣ་ཚོགས་བསྲེས་པས་ལི་འཁར་ཟེར་ལ། མདོག་ལི་སྐད་ལི་གཉིས་ལས་དང་པོས་མཎྡྲིལ་དང་གཉིས་པས་དྲིལ་བུ་སིལ་སྙན་ཏིང་ཤག་བྱས་པ།

གོང་ངོས། ཡིག་ཆ་མི་འདུག
X