//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > སྨན་གྱིས་ཚེ་བསྲིང་། > ནང་དོན།

སྤྱི་བཤད།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-15 16:47:52 ཀློག་གྲངས། 21 

སྤྱིར་སྨན་ཞེས་པ་ནི་རྗེ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས།  སྨན་ནི་རྫས་གང་ཞིག་ནད་སེལ་བའི་མཆོག་ཏུ་གྱུར་ཅིང་།  ཁོང་དུ་བཏང་བས་ཚེ་སྲོག་ལ་ཕན་པ་དེ་ལ་སྨན་ཞེས་བྱའོ། །ཞེས་གསུངས་པ་དང་།  མདོར་ན་སྨན་ཞེས་པའི་གོ་དོན་གོང་དུ་གསུངས་པ་དེ་ལྟར་ཡིན་ལསྐབས་འདིར་བསྟེན་པའི་སྨན་ནི་ནད་གསོ་བའི་གཉེན་པོ་ཁོ་ནའི་ཆེད་མ་ཡིན་པར་ནད་མེད་ཐལ་མལ་གྱི་མི་ལ་སྔ་མོ་ནས་ནད་རིགས་གང་ཡང་མི་འབྱུང་བར་སྔོན་འགོག་བྱེད་ཐབས་དང་ཡང་ན་འབྱུང་ཁམས་ཀྱི་སྟོབས་མི་བྲི་བར་ན་ཚོད་རང་བཞིན་རྣམས་བསྲུང་འཛིན་བྱེད་ཐུབ་པའི་སྨན་གང་ཡིན་པ་དག་དམིགས་བྱར་བཟུང་ཡོད་པ་འཁུམས་པར་བྱ་དགོས་ལ།  དཔལ་ལྡན་རྒྱུད་བཞི་ལསནད་དང་མེད་བྱ་བ་ཧྲིལ་གྱིས་དྲིལ། །ནད་མེད་དོན་དུ་རྒྱུན་སྤྱོད་དུས་སྤྱོད་དང་། །བཅུད་ལེན་རོ་ཙ་བཞི་རུ་ཤེས་པར་གྱིས། །ཟས་དང་སྨན་གཉིས་ཐུན་མོང་སྤྱི་རུ་སྦྱོར། །ཞེས་གསུངས་པ་ལྟར་སྐབས་འདིར་བསྟེན་པའི་སྨན་ནི་བྱིས་པའི་ལུས་སྟོབས་དང་ཚེ་མདངས་བསྐྱེད་པར་བྱེད་པའི་སྨན་རིགས་དང་དེ་བཞིན་དུ་དར་མ་དང་རྒན་པོའི་རིགས་ལ་འབའ་སམ་སྨན་མར་དང་མཁལ་གསོ་སྨན་མར་ལ་སོགས་སྨན་མར་གྱི་རིགས་དང་ད་དུང་གྲུབ་ཐོབ་རིལ་དཀར་དང་ཟླ་ཤེལ་བདུད་རྩི་མ་སོགས་ཚེ་རིང་བཅུད་ལེན་གྱི་ནུས་པ་དང་ལྡན་པ་དག་མི་རེ་རེའི་རང་བཞིན་དང་།  ཟུངས་སྟོབས།  མེ་དྲོད་ཀྱི་སྟོབས་ཆེ་ཆུང་སོགས་ལ་གཞིགས་ནས་བསྟེན་ཚུལ་མདོར་ཙམ་བཀོད་ཡོད

གོང་ངོས། ཡིག་ཆ་མི་འདུག
X