>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

དཀར་པོ་སྦལ་རྒྱབ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-26 14:27:35 ཀློག་གྲངས། 54

    བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དཀར་པོ་སྦལ་རྒྱབ་དཀར་པོ་ཆིག་ཐུབ་དང་།། སྨུག་པོ་ཆིག་ཐུབ་ལ་སོགས་དེ་དང་འདྲ།། ཞེས་པའི་དཀར་པོ་སྦལ་རྒྱབ་ནི། རྡོ་དཀར་པོ་རྔམ་འཐུག་པ་ཙམ་ལས་དབྱིབས་སྔ་མ་ཇི་ལྟ་བའོ།། འདི་ལ་མོ་སྦལ་ཡོད་སྐད་ཙམ་ལས་འདི་འདྲ་ཞེས་ངོ་སྤྲོད་མེད་པ་ཞིག་བཻ་སྔོན་དུ་བཤད་ཀྱང་། རྒྱུད་རྩ་འགྲེལ་དུ་མ་བཤད་པས་སུས་ཀྱང་གླེངས་པ་མ་ཐོས།
   སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། དཀར་པོ་སྦལ་རྒྱབ་ནི། དཀར་ལ་རྡོ་སྣ་རིང་བ་ལས་གཞན་ཕོ་མོ་མཆོག་དམན་གོང་འདྲ་དང་། མདུང་རྩེ་ལ། དཀར་སྨུག་གཉིས་ཏེ་འཁྱག་པ་འཇིབས་འདྲ་འཇམ་འབོལ་སྣ་རིང་བཅག་ན་རྒྱ་ཁབ་གཤིབས་འདྲ་རྣོ་བ་ལ་མཆོག་དམན་ཡོད་ལ། ལ་ལས་རྡོ་ག་བུར་དང་རྡོ་དྲི་ལྡན་དུ་གྲགས་པའི་དབྱིབས་གཡམ་པ་འདྲ་ལ་དྲི་ཆེ་བ་དཀར་སྨུག་གཉིས་ལའང་བཤད་དེ། སྦལ་རྒྱབ་མདུང་རྩེ་དེ་བཞིས་ཆུ་སེར་ཕུལ་འདྲེན་སྐེམ་ཞིང་ལྷ་བ་འཛིན་པ་དང་རུས་ཆག་སྦྱོར་ཞིང་ཀླད་པ་སྡོམ། ལ་ལས་འདི་བཞི་ལ་རྡོའི་རྒྱལ་པོ་སྡེ་བཞིར་བཤད་ཀྱང་དངོས་ནི་སྦལ་རྒྱབ་གཉིས་དང་གངས་ཐིགས་ཅོང་ཞི་བཞི་ལ་བཤད་པ་ལེགས།
   མཛེས་མཚར་མིག་རྒྱན་ལས། དཀར་པོ་སྦལ་རྒྱབ་ནི། རྡོ་དཀར་པོ་ངམ་འཐུག་སྣ་རིང་བའི་གཞན་སྔ་མ་འདྲ། བཻ་སྔོན་དུ་ཕོ་མོ་ཡོད་པར་བཤད་པའང་། རྩ་འགྲེལ་དུ་མ་བཤད། དེ་ཡིས་ཆུ་སེར་འཕུལ་འདྲེན་སྐེམ་ཞིང་ལྷ་བ་འཛིན་ལ་རུས་སྦྱོར་ཀླད་པ་སྡོམ།།

གོང་ངོས། ཡིག་ཆ་མི་འདུག
X