>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

དངུལ་རྡོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-28 15:57:52 ཀློག་གྲངས། 22

      བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རྡོ་དབྱིབས་འདྲ་མིན་མང་ཡང་དོན་ལ་བཞུས་ན་དངུལ་འབྱུང་བ།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། དངུལ་རྡོ་ནི། སྨུག་ལ་ནང་དངུལ་མདོག་འཆར་ཞིང་བཞུས་ན་དངུལ་འབྱུང་བ་སྟེ། དེ་དག་གིས་ཆུ་སེར་འདྲེན།
     མཛེས་མཚར་མིག་རྒྱན་ལས། དངུལ་རྡོ་ནི། རྡོ་ལྕགས་ལྟར་སྨུག་པོ་ཁ་དོག་མ་ངེས་ལ་ནང་དངུལ་མདོག་འཆང་ཞིང་བཞུ་ན་དངུལ་འབྱུང་བ་ཡིན།

གོང་ངོས། ཡིག་ཆ་མི་འདུག
X