//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > སྨན་གྱིས་ཚེ་བསྲིང་། > ནང་དོན།

བྱིས་པ་ལ་སྨན་གྱིས་ཚེ་བསྲིང་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-16 9:25:39 ཀློག་གྲངས། 18 

སྨན་ནི་ཨ་རུ་ར་དང་ཤི་ཀུན་ཚ་བ་གསུམ་ཞེས་སྒ་པི་ཕོ་གསུམ་ཤུ་དག་མ་ནུ་པ་ཏྲ་ལྕེ་མྱང་ཚྭ་རྣམས་དང་ར་དཀར་མོའི་འོ་མ་དང་མར་བཅས་མཉམ་དུ་བསྐོལ་བ་དབྱངས་ཅན་མར་ཞེས་སྨན་མར་འདི་དབྱངས་ཅན་མ་དང་འདྲ་ཞེས་པའི་དོན་ཏེ  དབྱངས་ཅན་མས་ཚིག་སྙན་དང་བློ་གྲོས་སྟེར་ནུས་པ་བཞིན་སྨན་མར་འདིས་ཀྱང་དེ་དག་སྟེར་ནུས་པས་འདྲ་དཔེར་སྦྱར་བ་སྟེ  བློ་གྲོས་འཕེལ་བ་དང་དྲན་པ་གསལ་བ  ངག་ཚིག་སྙན་པར་འགྱུར་བའི་ཕྱིར་བསྟེན་པར་བྱ་བ་ཡིན ཡང་ཡུངས་ཀར་དང་ཤ་དུག་རྒྱམ་ཚྭ་པི་པི་ལིང་རུ་རྟ་བ་སྤྲུ་རྣམས་མར་དུ་བསྐོལ་བའི་སྨན་མར་གྱིས་ཚེ་འཕེལ་བ་དང་ལུས་སྟོབས་བསྐྱེད་པ གདོན་གྱིས་རིགས་རྣམས་འཇོམས་པར་འགྱུར་བའི་ཕྱིར་སྐབས་སྐབས་སུ་བསྟེན་པར་བྱའོ།།  ཞེས་གསུངས་པ་དང་ ཡང་དཔལ་ལྡན་ཕ་ཁོལ་གྱིས གལ་ཏེ་བྱིས་པ་དེ་ནད་བྱུང་ན་གནོད་པར་མི་འགྱུར་པའི་སྨན་འཇམ་པོ་སྦྱིན་ནོ ནད་གཞན་གྱི་བླ་གཉན་གྱིས་འདྲེས་པ་ལས་ཡང་བཀྲུ་སྨན་གྱིས་ཞི་བར་བྱའོ།།  ཇི་ལྟར་བྱིས་པའི་བློ་གཞན་དུ་གྱུར་པ་ན་ཡང་ སྔངས་པར་འགྱུར་བའི་བག་མི་བྱགལ་ཏེ་སྔངས་པར་གྱུར་ན་ནི་གདོན་གྱིས་ཟིན་པའི་རྒྱུར་འགྱུར་རོ བྱིས་པ་དེ་གོས་ཀྱི་རླུང་ཡབ་ཀྱིས་གཡབ་པ་དང་གཞན་གྱིས་བགོམ་ཞིང་རེག་པ་ལས་ཀྱང་བསྲུང་བར་བྱའོ།།  བྲ་ཧྨི་དང་  ཡུངས་དཀར་དང་  ཤུ་དག་དང་ ཐ ལ་ཏྲེས་དང་  རུ་རྟ་དང་  རྒྱམ་ཚྭ་དང་  པི་པི་ལིང་དང་འདི་རྣམས་དང་ཚུལ་བཞིན་བསྐོལ་བའི་སྨན་མར་བླུད་ན་སྐད་གསལ་བ་དང་  ཡིད་གཞུངས་པ་དང་ དྲན་པ་མྱུར་བར་བྱེད་དོ དེ་བཞིན་དུ་ཚེ་རིང་བ་དང་  སྡིག་པ་ཞི་བར་བྱེད་པ་དང་ གདོན་འཇོམས་པ་དང་  འབྱུང་པོ་དང་སྨྱོ་བྱེད་རྣམས་ལས་ཟློག་པར་བྱེད་དོཤུ་དག་དང་  སོ་མ་ར་ཛ་དང་ མན་དུ་ཀ་པ་ར་ནི་དང་  ཤང་ཀ་པུ་ཥྤ་དང་ ཉེ འུ་ཤིང་དང་ བྲ་ཧྨི་སོ་མ་ཞེས་བྱ་བ་ནི་ན་དང་ སླེ་ཏྲེས་དང་ བྲ་ཧྨི་དང་ འདི་རྣམས་སྲང་རེ་རེ་ཆམ་ཆོམ་བརྡུངས་ཏེ་མར་སྲང་སུམ་ཅུ་རྩ་གཉིས་དང་འོ་མ་མར་གྱི་བཞི་འགྱུར་དང་ཚུལ་བཞིན་བསྐོལ་ཏེ་མར་ལུས་པ་ནི་ཡན་ལག་བརྒྱད་པའི་མར་ཞེས་བྱ་སྟེདེ་ལ་རན་པར་བླུད་ན་སྐལ་བ་ལྡན་པ་དང་ཚེ་རིང་བ་དང་ཚིག་གསལ་བ་དང་ཡིད་གཞུངས་པ་དང་དྲན་པ་གསལ་བར་བྱེད་པའི་མཆོག་ཡིན་ནོརའི་འོ་མ་དང་  ཨ་རུ་ར་དང་  ཚ་བ་གསུམ་དང་ པ་ཏ་དང་ ཤུ་དག་དང་ ཤི་ཀྲུ་དང་ རྒྱམ་ཚ་དང་དེ་རྣམས་མར་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ནི་དབྱངས་ཅན་ཞེས་བྱ་བའི་མར་ཡིན་ཏེདེ་ལས་རན་པར་འཐུངས་ན་སྐད་འགགས་་དང་ ཡིད་གཞུངས་པ་དང་ དྲན་པ་མྱུར་བ་དང་ མེ་དྲོད་སྐྱེད་པར་བྱེད་དོ ཤུ་དག་དང་ སླེ་ཏྲེས་དང་ ཉེའུ་ཤིང་དང་ ཨ་རུ་ར་དང་ ཤིང་གི་ནི་དང་ བྱི་དང་ག་དང་ བཅའ་སྒ་དང་ ཨ་པ་རྒ་དང་འདི་རྣམས་མར་དང་ལྷན་ཅིག་བསྐོལ་ཏེ་འཐུང་ན་ཡང་ཕན་ཡོན་གོང་མ་དང་འདྲའོ གསེར་དང་ གི་རི་ཀརྞི་ཀ་དང་ ཤུ་དག་དང་ རུ་རྟ་རྣམས་ལྷན་ཅིག་སྦྱར་བའམ  ཀྵ་རི་ཀི་དང་ ག སེར་ལྷན་ཅིག་སྦྱར་བའམགསེར་དང་མད་ཚ་ཨཀྵ་ཞེས་བྱ་བ་གན་ད་དུར་བ་དང་ ཤང་ཀ་པུཥྤ་དང་ དེ་རྣམས་ལྷན་ཅིག་སྦྱར་བའམ ཡང་ན་གི་རི་ཀརྞི་ཀ་དཀར་པོ་དང་ གསེར་དང་ ཤུ་དག་དང་ དེ་རྣམས་ལྷན་ཅིག་སྦྱར་བའམསྦྱོར་བ་བཞི་པོ་དེ་དག་གང་ཡང་རུང་བ་སྦྲང་རྩི་དང་མར་དང་སྦྱར་བའི་ལྡེ་གུས་བྱིས་པ་དེ་ལོ་གཅིག་གི་བར་དུ་བལྡག་ཏུ་བཅུག་ན་ལུས་ཀྱི་ཉམས་སྟོབས་དང་མདོག་དང་བློ་གསལ་བར་བྱེད་པའི་མཆོག་ཡིན་ནོཤུ་དག་དང་ ཤིང་མངར་དང་  རྒྱམ་ཚ་དང་  ཨ་རུ་ར་དང་  དོང་གྲ་དང་ ཏི་མུ་ས་དང་  རུ་རྟ་དང་  པི་པི་ལིང་དང་  ཟི་ར་དང་དེ་རྣམས་ཀྱི་ལྡེ་གུ་བྱིན་ན་ཡང་ཚིག་གསལ་བར་བྱེད་པའི་མཆོག་ཡིན།  མདོར་བསྡུས་ན་གོང་གི་སྨན་སྦྱོར་འདི་དག་ཕྲུ་གུ་ཆུང་ཆུང་ནས་བྱིས་པ་ལོ་བརྒྱད་བར་དུ་བསྟེན་ན་ཕན་ཡོན་གོང་ལྟར་བཟང་བ་མ་ཟད་བྱིས་པར་ཆམ་རིམས་སོགས་ནད་རིགས་གང་གིས་མི་འཚེ་བར་སྔོན་འགོག་བྱེད་ཐུབ་པ་དང་ནང་སྒོས་སུ་བྱིས་པ་ནད་མེད་ཚེ་རིང་ཡོང་པར་དགེ་བ་བསམ་གྱིས་མི་ཁྱབ་བོ།། ༼རྩོམ་ཁུངས་ནད་མེད་ཚེ་བསྲིང་རིག་པ་ལས།༽


གོང་ངོས། སྤྱི་བཤད།
X