>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

སྟང་ཟིལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-29 11:47:31 ཀློག་གྲངས། 18

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སྟང་ཟིལ་གསེར་ཟིལ་དངུལ་ཟིལ་རུས་མདོག་འབྱིན།། ཞེས་པ་རྡོ་ཁ་དོག་ནག་པོ་བཅག་ན་ཕག་ཟེ་ལྟར་ཞིག་ལ་འོད་ཟེར་འཕྲོ་བའོ།། དེ་ལ་མིང་རྡོ་བུང་བ་དང་། སྐྲ་འདྲ་དང་། སྟོང་ཚེ་རོག་པོ་ཡང་ཟེར་ཏེ། ནག་པའི་ཚད་ནི་སངས་རྒྱས་ཀྱི་དབུ་སྐྲ་སོགས་ལ་དབུ་སྐྲ་བུང་བ་ལྟར་ནག་པ་ཞེས་དཔེར་མཛད་པ་དང་། འདྲ་དཔེར། སྟང་ཟིལ་ཕག་ཟེ་གཤིབས་པ་འདྲ།། ཞེས་སམ། སྟང་ཟིལ་སངས་རྒྱས་དབུ་སྐྲ་འདྲ།། ཞེས་པ་དང་།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། སྟང་ཟིལ་རོ་བསྐ་ཞུ་རྗེས་མཆོག་ཏུ་བསིལ།། མགོ་ཆག་གསོ་ཞིང་ཁྲག་ཤོར་སྐྱུག་པ་གཅོད།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། སྟང་ཟིལ་ལམ་རྡོ་བུང་བ་ནི། ནག་པོ་བཅག་ན་རྒྱ་ཁབ་གཤིབས་འདྲ་འོད་འཕྲོ་བ་དང་། རུས་མདོག་འབྱིན།
     མཛེས་མཚར་མིག་རྒྱན་ལས། སྟང་ཟིལ་ནི་རྡོ་བུང་བ། སྐྲ་འདྲ་ཟེར། རྡོ་ནག་པོ་བཅག་ན་དབུ་སྐྲ་ལྟར་ཞིག་ལ་འོད་ཟེར་འཕྲོ་བ། དེ་ཡང་ནག་པའི་ཚད་ནི་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་མཚུངས་པར་བཤད་པས་རུས་མདོག་འབྱིན།

གོང་ངོས། ཏི་ཚ་སེར་པོ།
X