>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

དུང་འདྲ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-29 15:55:03 ཀློག་གྲངས། 16

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དུང་འདྲས་རུས་སྦྱོར་དངུལ་ཆུ་འཆིང་བར་བྱེད།། ཅེས་པ་ཁ་དོག་མ་ངེས་པ་དུང་དཀར་རམ་འབུ་སྐྱོགས་ལྟར་གཡོན་འཁྱིལ་མང་ལ་གཡས་འཁྱིལ་སྲིད་མཐའ་ཙམ་ཡོང་། གཡས་འཁྱིལ་རྡོའི་ནོར་བུར་བཟུང་ལ། འདི་བྱང་གནམ་མཚོ་ཕྱུག་མོའི་མཚོ་ཉིན་གྱི་དོ་བར་ཞིག་ཏུ་མཚོ་རླབས་ཀྱིས་ཕྱིར་འཕངས་པ་མང་བ་དང་། རྒྱ་ནག་གླང་ཆེན་རྩེའི་བླ་མ་རྣམས་ཀྱིས་བྱིན་རྟེན་དུ་གཡས་འཁྱིལ་གནང་བ་རྣམས་ནི་བྱིན་རླབས་ཀྱང་ཤིན་ཏུ་ཆེ་བར་མཐོང་།
     མཛེས་མཚར་མིག་རྒྱན་ལས། དུང་འདྲས་རུས་སྦྱོར་དངུལ་ཆུ་འཆིང་བར་བྱེད།།

གོང་ངོས། ད་ཆུ།
X