//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > སྨན་གྱིས་ཚེ་བསྲིང་། > ནང་དོན།

དར་མ་ལ་སྨན་གྱིས་ཚེ་བསྲིང་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-16 10:18:06 ཀློག་གྲངས། 28 

སྤྱིར་སྨན་ཞེས་པ་ནི་རྗེ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོསསྨན་ནི་རྫས་གང་ཞིག་ནད་སེལ་བའི་མཆོག་ཏུ་གྱུར་ཅིང་  ཁོང་དུ་བཏང་བས་ཚེ་སྲོག་ལ་ཕན་པ་དེ་ལ་སྨན་ཞེས་བྱའོ། ། ཞེས་གསུངས་པ་དང་།  སྐབས་སུ་གོ་བར་བྱ་བ་ནི་ནད་གསོ་བའི་གཉེན་པོ་ཁོ་ན་མ་ཡིན་པར་ནད་མེད་པའི་མིས་བསྟེན་ན་ནད་མི་འབྱུང་བ་སྔོན་འགོག་བྱེད་པ་དང་ཡང་ན་འབྱུང་ཁམས་ཀྱི་སྟོབས་མི་བྲི་བར་དར་མའི་རང་སྟོབས་དང་དབང་བོའི་བྱེད་ནུས་སོགས་བསྲུང་འཛིན་བྱེད་ཐུབ་པའི་སྨན་གྱི་རིགས་རྣམས་གཙོ་བོར་བཀོད་ཡོད་པ་ཤེས་དགོས  དཔལ་ལྡན་རྒྱུད་བཞིའི་མཇུག་དོན་གྱི་ལེའུ་ལས ནད་དང་ནད་མེད་བྱ་བ་ཧྲིལ་གྱིས་དྲིལ ནད་མེད་དོན་དུ་རྒྱུན་སྤྱོད་དུས་སྤྱོད་དང་ བཅུད་ལེན་རོ་ཙ་བཞི་རུ་ཤེས་པར་གྱིས ཟས་དང་སྨན་གཉིས་ཐུན་མོང་སྤྱི་རུ་སྦྱོར  ཞེས་གསུངས་པ་ལྟར་སྐབས་འདིར་བསྟེན་པའི་སྨན་ནི་འབའ་སམ་སྨན་མར་དང་དབང་ལག་སྨན་མར།  ད་ལིས་སྨན་མར་དང་མཁལ་གསོ་སྨན་མར་ལ་སོགས་སྨན་མར་གྱི་རིགས་དང་ ད་དུང་རོ་ཙའི་སྨན་སྦྱོར་ཉེར་ལྔ་དང་ཞོར་དུ་གྲུབ་ཐོབ་རིལ་དཀར་དང་ཟླ་ཤེལ་བདུད་རྩི་མ་ལ་སོགས་ཚེ་རིང་བཅུད་ལེན་གྱི་ནུས་པ་དང་ལྡན་པ་རྣམས་བསྟེན་དགོས་ཏེ བསྟེན་ཐབས་ནི་མི་སོ་སོའི་རང་བཞིན་དང་ ཟུངས་སྟོབས མེ་དྲོད་བཟང་ངན་བཅས་ལ་གཞིག་ནས་བསྟེན་དགོས་རྒྱུ་རེད

༡ བཅུད་ལེན་དང་རོ་ཙའི་སྨན། དེ་ནས་སྨན་བཅུད་ཀྱིས་ལེན་པ་དང་  རོ་ཙ་བར་བྱ་བའི་རྒྱུད་ཀྱི་ལེའུ་བཤད་པར་བྱའོ། ། དེ་ལ་སྨན་གང་སྐྲ་དཀར་བ་དང་ ན་བ་མེད་པར་བྱེད་པ་དེ་ནི་བཅུད་ཀྱིས་ལེན་ཞེས་བྱ་བ་ཡིན་ནོ དེ་ཡང་ན་ཚོད་དང་  ཕོ་གཞོན་ནུའི་ཚེའམ ཡང་ན་བར་མའི་ཚེ་བསྒྲུབ་པར་བྱ་སྟེ སྔར་སྐྱུག་སྨན་དང་ བཀྲུ་སྨན་དང་  ཁྲུས་ལ་སོགས་པས་ལུས་ཀྱི་ཕྱི་ནང་དག་པར་བྱས་ནས་བརྩམ་པར་བྱའོ།། དེ་ལ་སྒྲུབ་པའི་ཐབས་ནི མར་དང་ སྦྲང་རྩི་དང་ ལྕགས་ཀྱི་ཕྱེ་མ་དང་ སྐྱུ་རུ་རའི་འབྲས་བུའི་ཕྱེ་མ་རྣམས་སྦྱར་བས་བུམ་པ་བཀང་ལ  ལོ་ཕྱེད་ཀྱི་བར་དུ་ནས་ཀྱི་དཀྱིལ་དུ་བཞག་པ་ལས་རྒྱུན་དུ་དྲན་པར་ཟོས་ན  སྐྲ་དཀར་པོར་གྱུར་པ་མེད་པར་བྱེད་དོ ཡང་ན་ཨ་རུ་ར་དང་ པི་པི་ལིང་དང་  བྱི་དང་ག་དང་  སྐྱུ་ར་ར་དང་ ཁ་ར་རྣམས་ཀྱི་ཕྱེ་མ་དང་ ལྕགས་ཀྱི་ཕྱེ་མ་རྣམས་མར་དང་ཏིལ་མར་དང་སྦྱར་ཏེ་ཟོས་ན་རྒས་པས་མི་ཚུགས་སོ

ཡང་ན་བྱི་དང་ག་དང་  སཔྟ་པརྞ་དང་ སྐྱུ་རུ་ར་དང་ ལྕགས་ཀྱི་བྱེ་མ་རྣམས་སྦྲང་རྩི་དང་ མར་དང་ ཏིལ་མར་རྣམས་དང་སྦྱར་བ་ཇི་སྟེ་མིས་ཟོས་ནས་གཞོན་ནུར་གྱུར་པ་དེ་ནི་ངོ་མཚར་མི་ཆེའོ །ཡང་ན་བྱི་དང་ཀ་དང་ འབྲས་བུ་གསུམ་དང་ པི་པི་ལིང་རྣམས་ཀྱི་ཕྱེ་མ་དང་ ལྕགས་ཀྱི་ཕྱེ་མ་རྣམས་མར་དང་ ཁ་ར་དང་ སྦྲང་རྩི་རྣམས་དང་སྦྱར་ཏེ་རྒྱུན་ཏུ་ཟོས་ན་ཡང་རྒས་པ་དང་ སྐྲ་དཀར་པོར་གྱུར་པ་སེལ་ཏོ །ཡང་ལྕགས་ཀྱི་ཕྱེ་མ་དང་ ཁ་ར་དང་ བཅའ་སྒ་དང་ པི་པི་ལིང་རྣམས་ཀྱི་ཕྱེ་མ་དང་ མར་དང་ ཏིལ་མར་རྣམས་འབྲས་བུ་གསུམ་བསྐོལ་བའི་ཁུ་བའི་ནང་དུ་བླུགས་ཏེ གཟར་བུ་ལ་ཆགས་སུ་བཏུབ་པ་ཙམ་དུ་བསྐོལ་བ་ཡང་སྨན་བཅུད་ཀྱིས་ལེན་དུ་འགྱུར་རོ །ཡང་ལྕགས་གླེབས་ཏེ་དམར་པོར་བསྲེགས་ལ་འབྲས་བུ་གསུམ་བསྐོལ་བའི་ཁུ་བ་བསྒྲངས་བའི་ནང་དུ་སྨྱུག་ཅིང་ཁོལ་བཅད་པར་བྱ་བ་དེ་ལྟ་བུར་ལན་མང་དུ་བྱས་པའི་ལྕགས་ཏེ་སེག་བརྡར་གྱིས་བརྡར་བའི་ཕྱེ་མ་སྦྲང་རྩི་དང་མར་དང་སྦྱར་ཏེ་ཟོས་ན་ཡང་ཚེ་རིང་བར་འགྱུར་རོ ཡང་ན་སྐྱུ་རུ་ར་བསྐོལ་བའི་ཀུ་བ་དང་ མར་སྦྲང་རྩི་རྣམས་ཆ་བསྙམས་ཏེ་སྲང་བརྒྱ་བརྒྱ་དང་ ལྕགས་ཀྱི་ཕྱེ་མ་སྲང་ཉིས་བརྒྱ་དང་ འདི་རྣམས་སྦྱར་བ་ལྕགས་ཀྱི་སྣོད་དུ་བླུགས་ཏེ་བཞག་པ་ཡང་ཚེ་རིང་བར་བྱེད་པའི་མཆོག་ཡིན་ནོ །ཡང་དྲུབ་མར་ཆང་དང་ འབྲས་བུ་གསུམ་གྱི་ཕྱེ་མ་དང་ སྦྲང་རྩི་དང་སྦྱར་ཏེ་ཟོས་ན་ཡང་ གཤིན་རྗེའི་སྔ་ལྟས་སྐྲ་དཀར་པོར་འགྱུར་བ་མེད་པར་བྱེད་དོ །ཡང་བྱི་དང་གའི་ཕྱེ་མ་དང་ མར་དང་ སྦྲང་རྩི་དང་ ལྕགས་ཀྱི་ཕྱེ་མ་རྣམས་ཆ་བསྙམས་ཏེ་སྦྱར་བ་བུམ་པའི་ནང་དུ་བླུགས་ལ མོན་སྲན་སྡེའུའི་ཕྱེ་དཀྱིལ་དུ་བཞག་པ་ལས་རན་པར་ཟོས་ན སྐྲ་མཐིང་གར་འགྱུར་ཞིང་སྟོབས་དང་ལྡན་པར་འགྱུར་རོ །ཡང་ཏཾ་པ་ལ་ཕྱེ་མ་སྲང་བརྒྱ་དང་ མར་དང་ སྦྲང་རྩི་སྲང་བརྒྱ་སྦྱར་ཏེ་ཟླ་བ་གཅིག་གི་བར་དུ་སྣོད་ཀྱི་ནང་དུ་བཞག་པ་ལས་རྒྱུན་དུ་ཟོས ལ་ལ་ཟས་འོ་མ་དང་ལྡན་པར་ཟོས་ན་སྐྲ་དཀར་པོ་མེད་པར་བྱེད་ཅིང་ཟླ་བ་བཞིན་དུ་མཛེས་པར་འགྱུར་རོ །ཡང་སྨན་བ་ར་ཧིའི་རྩ་བའི་ཕྱེ་མ་སྲང་བརྒྱ་སྦྲང་རྩི་དང་སྦྱར་ཏེ མཐར་གྱིས་ཟ་ཞིང་འོ་མས་ཕུལ་ལ་ཁ་ཟས་འོ་མ་དང་མར་དང་ལྡན་པར་ཟ་ཞིང་ ནན་ཏན་དུ་བྱས་ན་ལང་ཚོ་དང་ལྡན་པར་འགྱུར་རོ ཡང་ན་ཟླ་བ་གཅིག་གི་བར་དུ་སྨན་པར་ཧི་ཞིབ་ཏུ་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཟོས་ལ དེའི་འོག་ཏུ་བ་ར་ཧིའི་ཕྱེ་མ་འོ་མ་དང་བསྐོལ་ཏེ་བསྒྲངས་ལ་བཙགས་པ་འཐུངས་ན་ཡང་སྨན་བཅུད་ཀྱིས་ལེན་དུ་འགྱུར་རོ །ཡང་བུ་ན་རྣ་བའི་རྩ་བ་ཞིབ་ཏུ་བཏགས་པའི་ཕྱེ་མ་སྲང་ཕྱེད་འོ་མ་བསྐོལ་ཏེ་ཕྱུང་བའི་ནང་དུ་བཏབ་སྟེ་ཟླ་བ་གཉིས་སམ་ལོ་གཅིག་གི་བར་དུ་རྒྱུན་དུ་འཐུངས་ན་ཡང་རྒ་བ་མེད་པར་འགྱུར་རོ །ཡང་ཉེའུ་ཤིང་དང་ སབྷ་བ་རྞ་དང་ པུ་ཤེལ་ཙེ་དང་ པ་ཐ་དང་ བ་ལ་དང་ ན་ག་བ་ལ་དང་ བི་དི་ར་དང་ ཐལ་ཏྲེས་དང་ བྱགྷྲི་རྣམས་ཀྱང་རེ་རེ་ནས་བུ་ན་རྣ་བའི་ཆོ་ག་གོང་དུ་བཤད་པ་བཞིན་དུ་བྱས་ན ཡོན་ཏན་དེ་བཞིན་དུ་འགྱུར་རོ །ཡང་ཤ་སྐྱེ་བར་འདོད་པ་ལ་ནི ཟླ་བ་ཕྱེད་ཀྱི་བར་དུ སྨན་ཨ་ཤོ་གནྡྷའི་ཕྱེ་མ ཏིལ་མར་དང་ མར་དང་འོ་མ་དང་ ཆུ་བསྐོལ་བ་དྲོན་མོ་རྣམས་ལས་གང་ཡང་རུང་བ་དང་སྦྱར་ཏེ་འཐུངས་ནས་ཁ་ཟས་འཕྲོད་པ་བཟའ་བར་བྱའོ།། ཡང་སྨན་བཅུད་ཀྱིས་ལེན་སྒྲུབ་པར་འདོད་པ་རྣམས་ཀྱིས་ནི རྟག་ཏུ་ཁ་ཟས་འབྲས་ཞག་དྲུག་ཅུས་སྨིན་པའི་ཆན་འོ་མ་དང་ མོན་སྲན་སྡེའུའི་ཁུ་བཅུད་དང་ རྐང་འགྲོས་དང་ རི་དྭགས་སྐམ་ས་ན་གནས་པའི་ཤ་ཁུ་རྣམས་ལས་གང་ཡང་རུང་བ་དང་བསྲེག་ཅིང་བཟའ་བར་བྱའོ།། ཡང་རོ་ཙ་བར་བྱ་བའི་ཆོ་ག་ནི ཤིང་མངར་གྱི་ཕྱེ་མ་ཞོ་གཉིས་མར་དང་སྦྲང་རྩི་དང་སྦྱར་ཏེ རྟག་ཏུ་ཟོས་ལ་དེའི་རྗེས་ལ་འོ་མ་འཐུངས་ན་རྒན་པོ་ཡང་རོ་ཙ་བར་བྱེད་དོ །ཡང་མོན་སྲན་སྡེའུ་སྲང་རེ་རེ་ཆོ་ག་གོང་མ་ལྟར་བྱས་ན་ཡང་དེ་བཞིན་དུ་འགྱུར་རོ །ཡང་ཨཏྨ་གུ་སྟའི་ས་བོན་དང་ གཟེ་མའི་རྩ་བ་དང་ ཁ་ར་རྣམས་ཀྱི་ཕྱེ་མ་འོ་མ་དང་སྦྱར་བའམ ཡང་ན་སྨན་ཨུཙྪ་དེའི་ཕྱེ་མ་ཁ་ར་དང་ འོ་མ་དང་སྦྱར་བ་འཐུངས་ན་ཡང་ རོ་ཙ་བར་འགྱུར་རོ །ཡང་བྱི་ད་རའི་ཕྱེ་མ་དེ་ཉིད་ཀྱི་ཁུ་བས་ལན་མང་དུ་བསྒོས་པ་བཏགས་ཏེ མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་ནི་ཤིན་ཏུ་རོ་ཙ་བར་བཤད་དོ །ཡང་ར་དུག་པའི་ལྡག་པའི་འབྲས་བུ་འོ་མའི་ནང་དུ་ལེགས་པར་བཙོས་ཏེ་ཞུ་བར་བྱས་པའི་ནང་དུ ཏིལ་ལན་མང་དུ་བསྒོས་པ་ཟོས་པའི་རྗེས་ལ འོ་མ་འཐུངས་པ་གང་ཡིན་པ་དེའི་ཕོ་མཚན་རྟག་ཏུ་བསྒྲེང་བར་འགྱུར་རོ ཡང་ན་མོ་སྲན་སྡེའུ་ཤུན་ལྤགས་བཤུས་ཏེ་ཞིབ་ཏུ་བཏགས་པའི་ཕྱེ་མ་འོ་མ་དང་མར་གྱི་ནང་དུ་བསྐོལ་ཏེ ཐུག་པ་བསྐ་རབ་ཏུ་གྱུར་ནས་ཕྱུང་ལ་བསྒྲངས་ཏེ་སྦྲང་རྩི་དང་སྦྱར་བའི་རི་ལུ་ཤིང་བིལ་བའི་འབྲས་བུ་ཙམ་དུ་བྱས་པ་ཉིན་གཅིག་བཞིན་དུ་ཟོས་ན་ཡང་ ཕོ་མཚན་བསྒྲེང་ཞིང་ཉལ་པོ་ནུས་པར་འགྱུར་རོ །ཡང་འབྲས་ཕྱེའི་ནང་དུ་ཏིལ་དང་ ཨདྨ་གཔྟ་དང་ མོན་སྲན་སྡེའུ་རྣམས་ཀྱི་ཕྱེ་མ་བསྲེས་ཏེ འོ་མ་དང་སྦྲུས་པའི་ཁུ་བ་མར་གྱི་ནང་དུ་བཙོས་པ་ཟོས་ན་ཡང་ཤིན་ཏུ་རོ་ཙ་བར་བཤད་དོ ཁ་ཟས་དང་ བཏུང་བ་རྣམ་པ་རྫས་བསླད་མ་འདྲེས་པའི་བཏུང་བསྣ་ཚོགས་དང་ རོལ་མོ་སྒྲ་སྐད་ཡིད་དུ་འོང་བ་དང་ སྤོས་དང་ བྱུག་པ་ལ་སོགས་པ་དྲི་ཞིམ་པོ་སྣ་ཚོགས་དང་ མེ་ཏོག་དང་ ཕྲེང་བ་དང་ གོས་དང་ རྒྱན་བཟང་པོ་ལ་སོགས་པ་ཡང་མི་རོ་ཙ་བར་བྱེད་པའི་རྒྱུ་ཡིན་ནོ

༢ རུས་པའི་བཅུད་ལེན བཅུད་ལེན་གྱི་སྨན་ནི་ཡན་ལག་བརྒྱད་པའི་སྙིང་བསྡུས་ལསརཱ་ས་རཱ་ཛེ་ཤྭ་ར་ཏེ་བཅུད་ལེན་དབང་ཕྱུག་རྒྱལ་པོའི་སྦྱོར་བ་ནི  དངུལ་ཆུ་དུག་བྲལ  མུ་ཟི་སེར་པོ མྲྀ་ཏ་སྭོ་རཆུ་ཤིང་ནག་པོས་གོ་ཆོད་ཙམ  ཟངས་ཕྱེ  ཏཱ་ལ་ཀ བཙན་དུག ཚལ་དཀར  སི་མཾ་ལ  ལྡོང་རོས  རྒྱ་ཚྭ  ལྕགས་ཕྱེ ཞ་ཉེ་དཀར་པོའི་ཕྱེ་མ  ཛཱ་ཏི  བོང་ང་དམར་པོ་ཧི་རི་མི་སི་ནང་ལྗང་གུ  མུ་ས་ལི  ཛབ་ཎྜྷ་ར  ནཱི་བ  བ་ཡ་བི་རངྒ  སྐྱེར་པ་ད་དུ་ཧ་རི་དྲ  ཨ་ཀ་ལ་ཀ་ར པི་པི་ལིང་གི་རྩེ་བ  གུར་གུམ  ནཱ་ག་གེ་སར་ཆུང་བ  ཙུ་ཀ རུ་དྷ་ཀུ་ཊ  ཀཱ་ཀ་ར་སིངྒི  མ་ལ་ཀཱན  གུ་ནི བོང་ང་དམར་པོ་ནི་སྟི་སི  ལ་ལ་ཕུད  ཁུ་ར་ས་ནི་ཨ་ཛ་ཝ་ན  མུ་ཤམྦ་ར  ས་མུ་དྲ་ཕལ  ལྒ  པི་པི་ལིང་  ཕོ་བ་རིས  འབྲས་བུ་གསུམ  ཟི་ར་ནག་པོ་ཀཱ་ར་ཛཱིར་རྣམས་ཆ་མཉམ་དང་ག་བུར་འུ་ཤས་ཉིས་འགྱུར དེ་ཐམས་ཅད་དང་དན་རོག་དུག་དབྱུང་ཚར་བ་བསྙམས་པར་བཏགས་ལ་དར་ལ་བཙགས བྷིངྒ་རཱ་ཛའི་ཁུ་བས་སྦྲུས་ལ་ཞག་ཉེར་གཅིག་གི་བར་བཏགས་ཏེ་རིལ་བུ་ཕོ་རིས་ཙམ་སྒྲིལ རིལ་བུ་རེ་བྷྲིངྒ་རཱ་ཛའི་ཁུ་བས་རྟ་བྱས་བཏང་ན་རླུང་ཚད་གསར་རྙིང་ཐམས་ཅད་ལ་ཕན བྱེ་ཀ་ར་དང་མཉམ་དུ་བཏང་ན་མཁྲིས་ཚད་གསར་རྙིང་ཐམས་ཅད་ལ་ཕན་ཞིང་ཟས་གང་ཟོས་ཀྱང་འགྲིམས་འགྲོ་བ་ལ་བཏང་ཡང་ཆད་པར་འགྱུར་རོ  ཆང་ལ་པི་པི་ལིང་ཕྱེ་མ་བཏབ་པས་རྟ་བྱས་བཏང་ན་བད་ཀན་ལ་བརྟེན་པའི་ཚད་པ་འཇོམས་པར་འགྱུར་རོ  ར་མའི་གཅིན་གྱིས་རྟ་བྱས་ནས་བཏང་ན་ཕོ་བའི་ནད་མཱ་ལ་ཛྭ་རེ་དང་ག་མི་བདེ་དང་ལྕགས་དྲེག་གི་ནད་ལ་ཕན སོ་ཕ་གོ་སྙོད་དང་ཕོ་རིས་བསྣན་ལ་བཏང་ན་ཚད་པའི་རིགས་ཐམས་ཅད་ལ་ཕན སྐྱུ་རུ་ར་དང་བའི་མར་བསྣན་ལ་བཏང་ན་ཕོ་བ་ན་ཞིང་དབུགས་མི་ཐོན་པ་ལ་ཕནནཱི་བའི་ལོ་མ་དང་མཉམ་དུ་ཟོས་ན་ཨི་ཀའི་སྐྱིགས་བུའི་ནད་ལ་ཕན བྷྲིངྒ་རའི་ཁུ་བར་སྦྱར་ཏེ་མིག་ལ་བྱུགས་ན་མིག་སེར་ལ་ཕན་ནོ  སོ་ཕ་དང་ལ་ལ་ཕུད་བསྣན་ཏེ་བྱིན་ན་བུད་མེད་ཀྱི་བུ་བཙས་པའི་རྗེས་སུ་སྐེད་པ་དང་ཚང་ར་ན་བ་ལ་ཕན ཀ་ར་དང་མཉམ་དུ་བཏང་ན་ཟས་སྐོམ་ཚ་གྲང་གང་འགྲིམས་པ་གཅོད་པར་འགྱུར་རོ  བཱ་ན་དང་མཉམ་དུ་བཏང་ན་མཁྲིས་པའི་ནད་ལ་ཕན བའི་མར་སར་དང་མཉམ་དུ་ཟོས་ན་བུད་མེད་མངལ་ཆགས་ནས་མི་གནས་པ་གནས་པར་འགྱུར་རོ  རའི་འོ་མས་རྟ་བྱས་བཏང་ན་དངས་མ་འཛག་པ་ཆོད་དོ  སྐྱུ་རུ་རའི་ཁུ་བས་རྟ་བྱས་ཏེ་བཏང་ན་དམུ་ཆུ་འཇོག་པ་ལ་ཕན་པར་འགྱུར་རོ  སྐྱུ་རུ་རའི་ཀུ་བས་རྟ་བྱས་ཏེ་བཏང་ན་དམུ་ཆུ་འཇོག་པ་ལ་ཕན་པར་འགྱུར་རོ ནིམ་བུའི་ཁུ་བར་སྦྱར་ལ་སྣ་བུག་ཏུ་བླུག་ན་མགོ་ཕྱེད་ན་བ་ལ་ཕན་ཞིང་མིག་ལ་བྱུགས་ན་འབྱུང་པོའི་གནོད་པ་ལ་ཕནའུ་སུ་ནི་ཉཊ་དང་བ་མར་བསྣན་ནས་བཏང་ན་སྦྲུལ་གྱི་དུག་ལ་ཕན  ལྒའི་ཁུ་བས་རྟ་བྱས་ནས་བཏང་ན་སྡིག་པའི་དུག་ལ་ཕནནཱ་ག་པུཥྞཱི་གླ་སྒང་དང་མཉམ་དུ་བཏང་ན་གཉིད་ཆུང་དུ་འགྲོའོ  མ་ལ་ཀངྐུ་ནི་དང་མཉམ་དུ་བཏང་ན་ལུས་སྟོབས་འཕེལ་ལོ  གོང་གསལ་རྣམས་ཉིན་བདུན་རེའི་བར་གཏོང་ཞིང་ཟས་སྤྱོད་ནད་སོ་སོའི་སྐབས་ཐོབ་སྦྱོར ཞེས་གསུངས་སོ།།

མདོར་བསྡུས་ན་མི་སོ་སོའི་རང་བཞིན་དང་གཟུགས་པོའི་གནས་ཚུལ་སོགས་ལ་གཞིག་ནས་གང་ལ་གང་འཚམ་པའི་སྨན་སྦྱོར་ཞིག་ལག་ལེན་བྱེད་དགོས་ལ ཞིབ་ཕྲའི་ལག་ལེན་བྱེད་སྟངས་དང་སྨན་ནུས་ཇི་བཞིན་ཐོན་པའི་གདམས་པ་སོགས་ནི་མཐོང་བ་བརྒྱུུད་པའི་ཕྱག་ལེན་ཁུངས་བཙུན་པ་ཞིག་ལས་རྟོགས་དགོས་པ་ཡིན་ནོ ༼རྩོམ་ཁུངས་ནད་མེད་ཚེ་བསྲིང་རིག་པ་ལས།༽


X