>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

བ་བླ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-30 8:47:51 ཀློག་གྲངས། 11

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བ་བླ་ནི། རང་བྱུང་པས། བ་བླས་གདོན་ནད་སེལ་བར་བྱེད།། གསུངས་པའི་མིང་ནི། ཧ་རི་ཏ་ལ། ཨ་གནྟེ། སེར་པོ་དྲི་ལྡན། ལྷའི་ན་བཟའ་ཟེར། འདི་ལ་ལྡོང་རོས་ལྟ་བུའི་དྲི་མ་ལ་དེ་ལས་འཇམ་ཙམ་བྲོ་བ་མེར་བསྲེགས་ན་དུད་པ་སེར་པོར་འཇུ་བའོ།། དེ་ལ་རིགས་གསུམ་སྟེ། རབ་ནི་ཁ་དོག་དམར་ངམ་ཡོད་པ་ལ་ཤིན་ཏུ་སེར་བ་དངས་པ་རྟ་སོ་བཅག་འདྲའོ།། འབྲིང་འོད་དང་ལྡན་པ་གསེར་ཤོག་བརྩེགས་པ་ལྟར་རིམ་པ་ཕྱེ་རྒྱུ་ཡོད་པ་ཁ་དོག་ལྗང་འོད་ཅུང་ཟད་ཡོད་པ། ཐ་མ་སྔོ་ལྗང་འདྲེས་པ་རྡོ་རུལ་ལྟ་བུ།
     སྨན་མིང་རྒྱ་མཚོ་ལས། བ་བླས་གདོན་ནད་སེལ་བར་བྱེད།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། བ་བླ་ནི། སེར་སྐྱ་དྲི་མ་ཅན་ཚོན་དུ་རུང་བ་སྟེ། དེ་གཉིས་ཀྱིས་རྨེན་ངན་རུལ་བ་གཅོད་ཅིང་གདོན་རིམས་བསྲུང་།
     མཛེས་མཚར་མིག་རྒྱན་ལས། བ་བླ་ནི། ལྡོང་རོས་ལྟར་ལ་དྲི་འཇམ། མེར་བསྲེགས་པས་དུད་པ་སེར་པོར་འཇུ་སྟེ། དེར་མདོག་གཞན་མ་འདྲེས་པ་ཤིན་ཏུ་སེར་པོ་དྭངས་པ་རྟ་སོ་འདྲ་བ་མཆོག དམར་དང་ལྗང་འདྲེས་པ་དམན། ནུས་པ་གོང་དང་འདྲ།

གོང་ངོས། བེལ་སྣབས།
X