>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

བ་ནུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-30 8:49:38 ཀློག་གྲངས། 12

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བ་ནུ་རྡོ་རྒྱུས་མཐིང་རྒྱུས་ཆུ་བ་གསོ།། ཞེས་པའི། བ་ནུ་ནི། དབྱིབས་བ་ཡི་ནུ་མདེའུ་འདྲ་ལ་ཕྱི་ལ་གཉེར་མ་རྭ་ཁྲིག་ལྟར་ཡོད། དབུས་སུ་ནུ་ཁུང་བུ་ག་བཅས་ཡོད་ལ། ཁ་དོག་མ་ངེས་ཀྱང་ཤས་ཆེར་སྔོ་དཀར་བརྡུངས་ན་རྭ་གཞོབ་བྲོ་བ་ཡོང་བ་ཡིན།
     འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། བ་ནུ་ཕོ་རྩིང་། བ་ནུ་མོ་ཞིག བ་ནུ་མ་སྙོམས་ནིང་སྙོམས
     མཛེས་མཚར་མིག་རྒྱན་ལས། བ་ནུ་ནི། སྔོ་དཀར་རམ་དཀར་སེར་དབྱིབས་བ་ཡི་ནུ་མ་འདྲ་ལ་ནང་དུ་ནུ་ཁུང་དང་ཕྱི་གཉེར་ཅན་རྭ་གཞོབ་བྲོ་བ་སྟེ། དེས་ཆུ་བ་གསོ།

གོང་ངོས། བ་བླ།
X