>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

བཙག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-30 9:20:16 ཀློག་གྲངས། 11

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བཙག་ནི། རྡོ་བཙག་དམར་པོ་སྟེ། མིང་ནི། གཻ་རི་ཀ་དང་། ཏྺི་ཡ་ཟེར། འདི་ས་འོག་ནས་དོན་པའི་རྡོ་བཙག་དམར་པོ་ཤིང་ཚོན་མཉེན་པ།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། བཙག་ནི། རྡོ་རིགས་དམར་པོ་དང་། དེས་མིག་ནད་དང་རུས་ཚད་སེལ་ཞིང་ཆུ་སེར་སྐེམ།
     མཛེས་མཚར་མིག་རྒྱན་ལས། བཙག་ནི་བཙག་རྡོ་ཟེར། ས་འོག་ནས་འདོན་པའི་རྡོ་བཙག་དམར་པོ་ཤིང་ཚོན་ཉན་པ། སེར་དང་དམར་སེར་བཙག་གམ་བཙག་སེར་ཟེར། རུས་ཚད་སེལ།

X