//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > སྔགས་ཀྱིས་ཚེ་བསྲིང་། > ནང་དོན།

བྱིས་པ་ལ་སྔགས་ཀྱིས་ཚེ་བསྲིང་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-16 15:10:25 ཀློག་གྲངས། 483 

དང་པོ། རྫས་སྔགས་ཀྱིས་བསྲུང་ཐབས།

འདིར་བསྟན་པ་ནི་གཟུངས་སྔགས་དང་སྲུང་འཁོར་གྱི་ནུས་པས་ཕྲུ་གུ་ཆུང་ཆུང་ངམ་བྱིས་པའི་ཚེ་སྲོག་ལ་བར་གཅོད་གདོན་བགེགས་ཀྱིས་མི་ཐེབས་པར་ལུས་སྲོག་སྲུང་ཞིང་ནད་མེད་ཚེ་བསྲིང་ཡོང་པའི་ཐབས་བསྟན་པར་བྱ་བ་སྟེ།  བྱིས་པ་བཙས་མ་ཐག་ཏུ་མར་དང་རྒྱམ་ཚྭ་དང་ལྡན་པའི་ཆུས་ལུས་བཀྲུ་བར་བྱ་བ་དང་། དེ་ནས་མངལ་ནས་བྱུང་བའི་སྡུག་བསྔལགྱིས་ཉོན་མོངས་པ་ལ་བ་ལ་དང་འབྲུ་མར་གྱིས་བཀྲུའོ དེའི་འོག་ཏུ་བྱིས་པའི་རྣ་བའི་དྲུང་དུ་རྡོ་གཉིས་བརྡུངས་པའི་སྒྲ་བསྒྲག་གོ དེ་ནས་བྱིས་པའི་གཡོན་ཕྱོགས་ནས་སྔགས་འདི་བརྗོད་དོ ཨཱང་གད་ཨཱང་གད་སམ་བྷ་བ་སི ཧྲྀ་ད་ཡཱ་ཨ་བྱིད་ཛ་སོ ཨཱད་མ་བེ་སུ་ཏྲ་ན་མཱ་སི ས་ཛ་བ་ཤ་ར་ད་ན་ཤ་ཏམ ཤ་ཏཱ་པུ་ཤ་ཏ་བར་ཤོ་སདྷིར་དྒིར་གྷམ་ཡུ་ར་བ་ས་ནུ་ཧིན་ཀྵ་ཏྲ་ཎི་ཏྲི་ཤོ་རཱ་ཏིར་ཧ་ཤྴ་ད་ཏྭཱ་བི་རཀྵ་ཏུདེ་ནས་བྱིས་པ་དེ་ནད་མེད་ཅིང་བདེ་བར་འགྱུར་བ་ཡིན། ཞེས་གསུངས་པ་དང་ ཡང་ན་བྱིས་པའི་ཤ་མདོག་གསལ་བར་འགྱུར་བའི་ཕྱིར་དུ་དྲི་བཟང་པོ་ཡོད་པའི་སྤོས་ཆུ་དྲོ་འཇམ་གྱིས་ལྟེ་བ་ཕུད་པའི་ལུས་ཀུན་དག་པར་བཀྲུ་བ་དང་། གསུང་གི་ས་བོན་འཇོག་པ་དང་སྨྲ་བ་ལ་མཁ་པར་འགྱུར་བ་རྟེན་འབྲེལ་གྱི་ཕྱིར་དུ་ལྕེ་ཐོག་ཏུ་གུར་གུམ་སྦངས་པའི་ཆུས་གསུང་གི་ས་བོན་ཧྲཱིཿཡིག་ཅིག་འབྲི་ལ ས་བདག་སོགས་ཀྱི་གནོད་པ་ཐུབ་པའི་ཆེད་དུ་གླ་རྩིའི་ཆུ་བླུད བློ་དང་ཚེ་སྟོབས་སོགས་བསྐྱེད་པའི་ཕྱིར་དུ་ཤུ་དག་དང་གླ་རྩི ཨ་རུ་ར གསེར་གྱི་བྱེ་མ ཡུངས་ཀར་རྣམས་སྦྲང་ངམ་མར་དང་སྦྱར་བ་སྦྱིན་པར་བྱའོ།།

མདོར་ན་གསང་སྔགས་པས་རིག་སྔགས་གཟུངས་སྔགས་ཀྱིས་བྱིན་གྱིས་བརླབས་ནས་མདུད་པའི་སྲུང་སྐུད་ཀྱིས་ལག་པ་གཉིས་དང་མགུལ་དུ་ཤུ་དག་གདགས་པར་བྱའོ།། སྡེ་སྲིད་སངས་རྒྱས་རྒྱ་མཚོས དྲི་ཆེན་སྔགས་པའི ལྟེ་ཁྲག་ཨ་མྲྀ་ཏ་གླ་རྩི གུལ་ནག་ཤིང་ཀུན་རྨ་བྱའི་སྒྲོ་གཞོབ་དང མུ་ཟི་ཕྱ་ཚན་མ་ནུ་པ་ཏྲ་བཅས བཟང་པོ་དྲུག་ལྡན་བུ་ལ་ཕ་ཡི་ཆུ བུ་མོར་མ་ཆུ་སྦྱར་བའི་རིལ་བུ་ལ ཡེ་དྷར་བརྒྱ་རྩའི་རབ་གནས་ཁོང་དུ་བསྟེན ཚེ་བརྟན་ལྷ་འདྲེས་མི་ཐུབ་སྒྲིབ་ཤིང་འགྱུར བྱད་མདངས་ལེགས་ཤིང་མཆིན་ནད་ཟ་འདྲེ་ཐུབ ། ཅེས་གསུང་པ་དང་། ཡང་ན་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས་རྒྱུད་སྡེ་མང་པོ་ནས་བཏུས་པའི་ནག་པོ་དགུ་སྦྱོར་གྱི་རྫས་ཀྱིས་རིམས་ནད་སྲུང་བ་ནི ༀ་བྷྱོ་ཡགབྷྱོ་གཟེར་བྷྱོ་ལྷོག་གཟེར་བྷྱོ་འབྲས་གཟེར་བྷྱོ་འབྲུམ་གཟེར་བྷྱོ་ཆམ་གཟེར་བྷྱོ་སྙིང་གཟེར་བྷྱོ་ཁྲག་གཟེར་བྷྱོ་ཎི་རི་སོད་མུ་ཡེ་རྦད་བྷྱོ ༀཕེ་མ་སི་སྭཱཧཱ།  ༀ་བྱེ་རི་རྰ་ཙ་ཡེ་སྭཱཧཱ། ཞེས་སྔགས་སོ རྫས་ལ གི་ཝང་དང་ནི་ཨ་གར་ནག བཙན་དུག་གླ་རྩི་ཤུ་དག་ནག གུ་གུལ་ཤིང་ཀུན་མུ་ཟི་ནག རྒྱ་སྣག་ལ་བསྲེས་བྲི་བར་བྱ སྣལ་མ་ནག་པོས་བཅིངས་ནས་ནི།།ལུས་ལ་རྟག་ཏུ་འཆང་བར་བྱ།།དགུ་ཡི་ཚོགས་ནི་ཚོགས་གྱུར་ན གཅིག་ཏུ་ས་བདག་གཉེན་པོར་གྱུར གཉིས་སུ་ཀླུ་ཡི་གདོན་རྣམས་འཇོམས གསུམ་དུ་གཉན་གྱི་གདུག་རྩུབ་སེལ བཞི་རུ་ལྷོག་པ་ཐུབ་པར་གསུངས ལྔ་རུ་འབྲུམ་ནག་ཐམས་ཅད་ཐུབ དྲུག་ཏུ་རྒྱུགཟེར་དམར་བཤལ་སྲུང་ བདུན་དུ་བལ་ནད་ཆམ་རིམས་ཐུབ བརྒྱད་དུ་མཁྲིས་པ་རྩར་རྒྱུག་སྲུང་ དགུ་རུ་གདོན་ནད་ཐམས་ཅད་ཐུབ། །བཅུ་རུ་བྱིས་གདོན་བཅོ་བརྒྱད་སྲུང་དེ་སོགས་ནུས་པ་བསམ་མི་ཁྱབ འདི་ནི་བླ་བ་རི་ལོ་ཙྰ་བའི་འགྱུར་མན་ངག་རིག་པ་འབུམ་ཆེན་རྒྱས་པ་ལས་བྱུང་བའོ གཏེར་ཁ་འགའ་ཞིག་ལས་ཀྱང་སྔགས་འདྲ་མིན་ཅུང་ཟད་མ་གཏོགས་འདི་དང་མཐུན་པར་བྱུང་བའི་བཀའ་གཏེར་ཟུང་གི་ཨུ་པ་དེ་ཤའོ མངྒལཾ

ཡང་ན་བྱིས་རིམས་བསྲུང་བའི་གདམས་ངག ཨེ་མ་ཧོ།   བྱིས་རིམ་སྲུང་བའི་གདམ་ངག་ལ།   དྲོ་གང་སྐར་མ་མ་སངས་པ་ལ།   རྒྱུག་ཆུ་མདའ་ལ་མ་སླེབས་པའི་ནང་ནས་ལག་པ་རྗེན་པས་མ་རེག་པར་རྡེའུ་ཆུ་དང་བཅས་པ་བླངས་ལ།  བུད་མེད་དང་ཕྲད་ན་དེ་ཕོ་ལ་ཡང་བླང་།   བུད་མེད་མེད་པའི་ས་རུ་རྡེའུ་དེ་ལ་སྔགས་བརྒྱ་རེ་བཟླས་ལ།   དེའི་དུས་སུ་ཡང་ལག་པས་མི་རེག་པར་དར་དམར་བོའི་ཁུད་དུ་གཏུམས་ལ་མགུལ་དུ་བཏགས་པས་ཐུབ་བོ།  སྔགས་ནི་འདི་ཡིན་ཏེ།  ཨོཾ་ནིར་སིང་ཡེར་རྦད་སྭཱཧཱ།   བྱིས་རིམས་བསྲུང་བ་ཡིད་ཆེས་ཉམས་སུ་མྱོང་བའོ། །ཞེས་བྱིས་པ་ལ་རྫས་སྔགས་གཉིས་ཀྱིས་ཚེ་བསྲིང་པའི་གདམས་པ་མང་པོ་ཡོད་པ་ལས་འདིར་དཔེ་སྟོན་གྱི་ཚུལ་དུ་མདོར་ཙམ་བཀོད་པའོ།།

གཉིས་པ། གཟུངས་ཀྱིས་བསྲུང་ཐབས།

ཚེ་ལྷ་རྣམ་གསུམ་གྱི་གཟུངས་བཞུགས་སོ ལྷ་མིའི་རྣམ་འདྲེན་རྒྱལ་བ་ཚེ་དཔག་མེད གདོན་བགེགས་ནད་ཞི་གཙུག་ཏོར་རྣམ་པར་རྒྱལ ཚེ་དཔལ་རྒྱས་ཤིང་འཁོར་བ་ལས་སྒྲོལ་མ ཚེ་ཡི་ལྷ་མཆོག་གསུམ་ལ་གུས་ཕྱག་འཚལ

ༀ་ན་མོ་བྷ་ག་ཝ་ཏེ ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛྭ་ཡ ཏ་ཐཱ་ག་ཏ་ཡ ཨརྷ་ཏེ་སམྱཀྶཾ་བུད་ངྷཱ་ཡ ཏངྱ་ཐཱ ༀ་པུཎྱེ་པུཎྱེ མ་ཧཱ་པུཎྱེ ཨ་པ་རི་མི་ཏ་པུཎྱེ ཨ་པ་རི་མི་ཏ་པུཎྱེ ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ ༀ་སརྦ་སཾ་སྐཱ་ར་པ་རི་ཤུད་དྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷ་ཝ་བི་ཤུད་དྷེ་མ་ཧཱ་ན་ཡ་བ་རི་ཝ་ར་ཡེ་སྭཱ་ཧཱ ཞེས་ཚེ་དཔག་མེད་ཀྱི་གཟུངས་དང་ ༀ་བྷྲུཾ་སྭཱ་ཧཱ ༀ་ཨ་མྲྀ་ཏ་ཨཱ་ཡུརྡ་དེེ་སྭཱ་ཧཱ ཞེས་རྣམརྒྱལ་མའི་གཟུངས་དང་ ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དྷ་ནཾ་མེ་དེ་ཧི་སྭཱ་ཧཱ ཞེས་སྒྲོལ་མའི་གཟུངས་ཅི་ནུས་བཟླའོ།།

དགེ་བ་འདི་ཡིས་མྱུར་དུ་བདག ཚེ་ལྷ་མཆོག་གསུམ་འགྲུབ་གྱུར་ནས འགྲོ་བ་གཅིག་ཀྱང་མ་ལུས་པ དེ་ཡི་ས་ལ་འགོད་པར་ཤོག ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་ ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ ཞེས་འདོད་གསོལ་བྱའོ།། ཞེས་བྱ་བ་སོགས་བྱིས་པ་མངལ་དུ་འཁྲི་བ་ནས་བཟུང་སྟེ་བཙས་ནས་ལོ་བརྒྱད་ལོན་རག་བར་དུ་ཨ་མས་ཉིན་རེར་བཞིན་མ་ཆགས་པར་ཅི་ནུས་ཤིག་བཟླས་ན་བྱིས་པ་བདེ་ཐང་ངང་འཚར་ལོངས་བྱུང་བ་མ་ཟད་བྱིས་པའི་སྐྱེ་མཆེད་གཙང་ཞིང་ནད་མེད་ཚེ་བསྲིང་ཡོང་པ་ལ་སྨན་པ་བརྗོད་ཀྱིས་མི་ལང་ངོ་།།

གོང་ངོས། སྤྱི་བཤད།
X