>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

མཚལ་གྱི་ཐལ་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-30 9:27:12 ཀློག་གྲངས། 16

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མཚལ་གྱི་ཐལ་བས་རྨ་འབྲས་ཤ་རོ་གཅོད།། ཅེས་པ། མཚལ་ལས་དངུལ་ཆུ་བཏོན་ཤུལ་གྱི་ཐལ་བ་ཡིན།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། མཚལ་ཐལ་ནི་དངོས་སོ།། ཟ་འོག་ཅེས་པ་གོས་ཆེན་ཁྲ་བོ་སྟེ་ཚོན་ཁ་དོག་ལྔ་པ་ཞེས། ཕག་རིལ་ལ་ག་བུར་ནག་པོ་ཞེས་དང་ཀླུངས་ཀྱི་དོམ་ནག་སྙིགས་མ་ཞེས་ཀྱང་།

གོང་ངོས། མཚལ།
X