>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

ཡུགས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-30 9:34:38 ཀློག་གྲངས། 12

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཡུགས་ནི་རང་བྱུང་པས། སྨུག་གིས་རྨ་ཡི་ཆུ་སེར་སྐེམ།། གསུངས་པར་མིང་། ཡུགས་རྡོ། སྨུག་རྡོ། རྡེའུ་ཁྲག་ལྡག་ཟེར། རྡོ་སྨུག་པོ་ལྕི་ལ་འཇམ་པས་ཤོག་བུ་ཨུར་བྱེད་རུང་བ། འོད་ཅན་དབྱིབས་ཟླུམ་པ་ལ་ལེབ་འཇོང་སོགས་ཅུང་མ་ངེས་པ། རི་མོ་དམར་སྨུག་དོད་པ། རྒྱུ་མཚན་གསེར་ས་འོག་ནས་འབུད་པའི་མུ་ལ་ཡུགས་ཟེར་བས། རྡེའུ་འདི་གར་ཡོད་དུ་གསེར་ཡོད་པར་ངོས་འཛིན་ནས་གསེར་རྐོས་པ་རྣམས་ས་འདིར་བསྐོས་ན་གསེར་ཡོད་པར་ཁྱབ། འདིར་ཡུགས་རྡོ་འབུད་ཅིང་འདུག་ཅེས་གླེང་བས་གསལ། ཁ་ཅིག་ཏུ་བཙག་ཡུགས་གཅིག་པར་མཛད་ནས། ངོས་ས་སྔོན་ལ་བཟུང་བ་ནོར།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཡུགས་ནི། བཙག་དང་འདྲ་ལ་སྔོན་པོ་ཁང་པ་སོགས་ལ་གསོལ་རུང་བ་སྟེ། དེས་མིག་ནད་དང་རུས་ཚད་སེལ་ཞིང་ཆུ་སེར་སྐེམ།
     མཛེས་མཚར་མིག་རྒྱན་ལས། ཡུགས་ནི། བཻ་སྔོན་དུ། སྔོན་པོར་གསུངས་པའང་ཤེལ་འཕྲེང་ལས་རྡོ་བར་བཤད་དེ། གསེར་དང་གཅིག་ཏུ་འབྱུང་བའི་རྡོ་དམར་སྨུག་ལྕི་ལ་ཤོག་བུ་ཨུར་བྱེད་རུང་བ་འོད་ཅན། དེས་ཀྱང་ཆུ་སེར་སྐེམ།

གོང་ངོས། ཡིག་ཆ་མི་འདུག
X