//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > སྔགས་ཀྱིས་ཚེ་བསྲིང་། > ནང་དོན།

དར་མ་ལ་སྔགས་ཀྱིས་ཚེ་བསྲིང་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-17 9:44:30 ཀློག་གྲངས། 322 

དང་པོ། རྫས་སྔགས་ཀྱིས་བསྲུང་ཐབས།

ཟུར་མཁར་བའི་རིམས་སྲུང་མི་འཇིགས་དཔའ་བོༀ་ཨ་ཐའཇིགས་པའི་ཚོགས་ལ་སྐྱོབ་མཛད་ལྷ་ཡི་ལྷ། ། བེེཌྰུརྱ་དང་དེ་སྲས་རྣམས་ལ་འདུད། ། རྫས་སྔགས་རིམས་སྲུང་བསླུ་མེད་བྲི། ། ཛ་བ་སྤྲུལ་མ་གླ་རྩིགི་བྱ་སུག་ཤུ་དག་པ། ། ཡ་མེད་ཆ་སྙོམས་ཞིབ་པར་འཐག  ཨེ་ཀྲོས་བྲན་ལ་ཡི་དམ་གྱི། ། བདག་བཞན་བསྐྱེད་རིམས་གསལ་བྱས་ཏེ། ། སྔགས་འདི་བརྒྱ་རྩ་བརྒྱད་དུ་བཟླསཨོཾ་ན་ཀ་ཀ་ན་པ་ན་ཡེ་ཧྰུཾ་ཕཊ། ། རྫས་ལ་ཕུ་བཏབ་གསེར་ཞོའི་བུངས། ། དྲིམེད་རས་གཏུམས་གོང་གཡོན་འདོགས། ། ནངས་སྔ་སྣར་སྣོམ་རིམས་ནད་ཀུན། ། སྲུང་བར་ངེས་སོ་བསླུ་བ་མེད། ། མྱོང་གྲུབ་ཟབ་མོའི་མན་ངག་ཡིན། ། མན་ངག་བྱེ་བ་རིང་བསྲེལ་ལས

རིམས་སྲུང་རིལ་བུ་སེར་ཆུངༀ་ཨ་ཐརྣམ་རྒྱལ་ག་བུར་བཟང་དྲུག་གླ་གུལ་ཤིང་། ། གི་ཝང་མུ་ལྡོང་ཤུ་དག་ཨ་མྲྀ་ཏ། ། རུ་རྟ་དཔའ་བོ་གཅིག་སྐྱེས་བོན་པོ་སྦྱར། ། ཚད་ལྡན་ཨེ་ཀྲོའི་རིང་བསྲེལ་ར་བུར་བཅང་། ། རང་ཉིད་ལྕགས་ཀྱི་སྤྱང་ཀི་མེ་འབར་བས། ། གདོན་དང་ནད་རིམས་སྲེག་ཅིང་ཟོས་པར་བསམ། ། ༀ་ཛ་ཏི་ༀ་ཛ་ཏི་བ་ཧུ་ཏི་ཏི་ཁང་སྭཱཧཱ་ཟེར་བའང་སྣང་བཾ་ཧྰུཾ་ཏ་ཁ་རི་ཁཾ་སྭཱཧཱ། སྒོམ་བཟླས་ངར་བཏགས་ཞལ་ཤེས་སྙིང་བཞིན་བཅངས། ། རིམས་སྲུང་གདོན་དང་ཡ་མ་དུ་བས་འཇོམས། ། གསོ་ཡང་རང་གྲོལ་དེ་ཀའི་མན་ངག་གཅེས། ། གཡུང་དྲུང་བོན་པོའི་རིལ་བུ་སེར་ཆུང་འདི། ། ཡང་ཟབ་རིལ་བུ་གསེར་འོད་འཁྱིལ་བ་ཞེས། ། རང་གི་སྲོག་འགོ་འདོད་པའི་སྡེ་དཔོན་དང་། ། སྙན་གྲགས་ཕྱོགས་མཐར་སྒྲོགས་པའི་རྔ་ཆེན་ཏེ། ། བསླུ་མེད་ངྷརྨ་སྭཱ་མིས་སྙིང་ནོར་འདི། ། གཅེས་པར་ཟུང་ཤིག་རྗེས་བཅུག་སྐལ་ལྡན་རྣམས། ། འདི་ལས་བྱུང་བའི་དགེ་ས་དུས་གསུམ་གྱི། ། ཕ་མ་འགྲོ་ཀུན་བདེ་ལ་འགོད་པར་ཤོག  ཤུ་བྷཾམན་ངག་བྱེ་བ་རིང་བསྲེལ་ལས

མས་སྲུང་དུད་སྦྱོར་ཚེ་དབང་ལུགསན་མོ་གུ་རུབྷྱ༔  དུད་པའི་རིམས་ནད་སྲུང་པ་ནི། ། གུ་གུལ་ཤིང་ཀུན་ཤུ་དག་ནག  སྨན་ཆེན་དུར་ཐོ་མི་སྐྲ་དང་། ། ཉུངས་ཀར་སྒོག་གཅིག་ཆ་མཉམ་ལ། ། རིལ་བུ་སྲན་ཙམ་ནང་རེ་བདུག འགོས་ནད་མ་ལུས་སྲུང་བར་གྱུར། ། མན་ངག་བྱེ་བ་རིང་བསྲེལ་ལས

ཟུར་མཁར་བའི་ནག་པོ་དགུ་སྦྱོར་ནད་གདོན་ཀུན་འཇོམསརྒྱ་གར་སྐད་དུ། ཀཱ་ལ་ན་བ་ཡོ་ག   བོད་སྐད་དུནག་པོ་དགུའི་སྦྱོར་བ་ཞེས་བྱ་བགིའུ་ཝང་དང་ནི་ཨ་རུ་རབཙན་དུག་གླ་རྩི་ཤུ་དག་དང་། ། གུ་གུལ་མུ་ཟི་ཤིང་ཀུན་རྣམས། ། རྒྱ་མི་སྣག་ཚོས་གཞི་བླང་ལ། ། ཕྱེ་མ་རིལ་བུ་གང་ཡང་རུང་། ། ལུས་ལ་བྱུག་གམ་གདགས་པར་བྱ ། ། དགུ་ཡི་སྦྱོར་བ་ཚོགས་པ་ན། ། གཅིག་ཏུ་ས་བདག་གཉེན་པོར་འགྱུར། ། གཉིས་སུ་ཀླུ་ཡི་དུག་གསུམ་སེལ། ། གསུམ་ཏུ་གཉན་གྱི་དུག་རྣམས་སེལ། ། བཞི་རུ་ལྷོག་པ་དཀར་ནག་སེལ། ། ལྔ་རུ་འབྲུམ་ནག་ཐུབ་པར་འགྱུར། ། དྲུག་ཏུ་རྒྱུ་གཟེར་ཐུབ་པ་ཡིན། ། བདུན་དུ་བལ་ནད་ཐུབ་པར་འགྱུར། ། བརྒྱད་དུ་མཁྲིས་པ་རྩར་རྒྱུག་ཐུབ། ། དགུ་རུ་འགོ་བའི་ནད་རྣམས་ཐུབ། ། བྱིས་པའི་གདོན་ཆེན་བཅོ་ལྔ་ཐུབ། ། གཞན་ཡང་ཡོན་ཏན་བསམ་མི་ཁྱབ། ། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཡིས། ། ནག་པོ་དགུ་ཡི་སྦྱོར་བ་འདི། ། རྒྱུད་སྟེ་ཀུན་ནས་བཏུས་པའོ། ། སྨན་དགུ་ལ་ནི་ལྷ་དགུ་བསྐྱེད། ། ལྷ་དགུ་ལ་ནི་སྔགས་དགུ་གདབ། ། རབ་གནས་བྱས་ལ་མགུལ་དུ་གདགས། ། ནད་གདོན་སྲུང་བར་ཐེ་ཚོམ་མེད། ། རྒྱུད་ལྡན་དོན་དགུའི་སྒོ་ནས་སོ། ། དེ་ཡི་ལག་ལེན་མན་ངག་ནི། ། གཟའ་སྐར་ཚེས་གྲངས་བཟང་དུས་ལ། ། རང་རང་ངོ་བོ་མ་ཉམས་པའི། ། སྨན་རྣམས་ལེགས་པར་རབ་བསགས་ནས། ། མི་མཐུན་ཉས་པའི་སྐྱོན་སྤངས་ལ། ། ཨ་རུ་གིའུ་ཝང་ཤུ་དག་དང། ། བཙན་དུག་གླ་རྩི་གུ་གུལ་དང་། ། ཤིང་ཀུན་མུ་ཟི་རྒྱ་སྣག་རྣམས། ། རིམ་བཞིན་སྨན་བླ་ཏངྱ་ཐཱ། ༀ་བྷེེ་ཥ་ཛྱེ་བྷེེ་ཥ་ཛྱེ་མཧཱབྷེེ་ཛྱེ་བྷེེ་ཥ་ཛྱ་རྰ་ཛཱས་མུངྒ་ཏེསྭཱཧཱ། འཇམ་ༀཝྰ་གྰི་ཐཱ་རི་མུཾདབྱངས་དང་སྤྱན་རས་གཟིགསༀ་མ་ཎི་པདྨེ་ཧྰུཾདང་རྡོ་རྗེ་ༀབཛྲ་པྰ་ཎི་ཧྰུཾརྟ་མགྲིན་ༀབཛྲ་ཀྲོངྷ་ཧ་ཡ་གྲྰི་ཧུ་ལུ་ཧུ་ལུ་ཧྰུཾ་ཕཊ་ཁྲོ་བོ་བདུད་རྩི་ༀབཛྲ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧྰུཾཕཊ་འཁྱིལ། ། གང་ༀ་པྰུ་རྞ་ངྷ་དྲྰ་ཡ་སྭཱཧཱ་བཟང་དབང་ཨོཾ་མ་ཧཱ་དེ་ཝ་ཧྰུཾ་ཕཊཕྱུག་ཆེན་པོ་དང་། ། ཚོགས་ཀྱི་བདག་པོར་ཏརྱ་ཐཱ། ན་མ༔སྟུ་ཏེ་གཎ་པ་ཏ་ཡེ་སྭཱཧཱ། ༀ་ག༔ག༔ག༔ག༔ག༔ག༔ག༔ག༔གཎ་པ་ཏ་ཡེ་སྭཱཧཱ་བསྐྱེད་བྱས་ནས། ། རང་རང་སྙིང་བོ་གང་འགྲུབ་བཏབ། ། རབ་གནས་ཤིས་བརྗོད་སོགས་ཀྱང་བྱ། ། གོང་བཞིན་གང་དགོས་རིགས་པས་དཔྱད། ། ཤིནཏུ་ཟབ་པའི་མན་ངག་མཆོགའགྲོ་ལ་ཕན་པའི་དོན་དུ་ནི། ། མ་སྦས་གསལ་བར་བསྟན་པ་ཡིས། ། དགེ་བས་འགྲོ་རྣམས་སངས་རྒྱས་ཤོག  མན་ངག་བྱེ་བ་རིང་བསྲེལ་ལས

རིན་ཆེན་དོ་ཤལ་ལས་བྱུང་བའི་རྫས་བསྲུང་ད་ནི་རྫས་སྲུང་སྐོར་ལས་ནི། ། གུ་ཎའི་བླ་སྒྲུབ་རྒྱུན་ཁྱེར་གསང་བ་ཡི། ། བར་ཆད་ནད་གདོན་ཀུན་ཐུབ་བསྟན་པ་ལ། ། གླ་རྩི་ལྡོང་རོས་མུ་ཟི་བཙན་དུག་དང་། ། ཤིང་ཀུན་ཤུ་དག་ནག་པོ་མཚལ་སེང་ལྡེང་། ། ཤི་སྐྲའི་གཞོབ་དང་ཡུངས་དཀར་ཉུང་ནག་རྣམས། ། ཞིབ་བཏགས་ཚིལ་ཆེན་དང་སྦྱར་བ་མེན་རྭར། ། བླུགས་ལ་དེ་ཉིད་ལས་གསུངས་སྔགས་ངར་བཏགས། ། རྫས་དེ་རྒྱུན་དུ་ལུས་བཅང་དགོས་པའི་ཚེ། ། ནང་སྔར་སྔགས་སྟོང་བཟླས་ནས་རྫས་ལ་ག། ། བྱུག་དུག་འཐུང་བྱས་ནད་གདོན་བར་ཆད་དང་། ། ཡམས་རིམས་ཐམས་ཅད་ཐུབ་ངེས་བླ་མེད་ཡིན། ། ན་མོ་གུ་རུ་བྷྱ༔དུད་པས་རིམས་ནད་སྲུང་བར་གུ་གུལ་དང་། ། ཤིང་ཀུན་སྨན་ཆེན་དུར་ཐོར་ཤུ་དག་ནག ། མི་སྐྲ་ཡུངས་དཀར་སྒོག་གཅིག་ཆ་མཉམ་ལ། ། རིལ་བུ་སྲན་ཚད་ནང་རེ་བདུན་བྱས་པས། ། འགོ་ནད་དལ་ཡམས་སྲུང་བའི་རྫས། ། སྤྲུ་ནག་དྲི་ཆུར་བར་བ་སྔགས་བཏབ་འདམ་འཐག་བྱ། ། དེ་ཉིད་གཞིར་བཟུང་ཤུ་དག་ཕུར་མོང་ནག སྤང་རྩི་འཛིམ་པ་སྟག་ཤ་མིང་ཅན་ནག ། རེ་ལྕགམེ་ཏོགསྨན་ཀུན་ནག་པོའོ་གླ་ནག་རྩི་དང་བཅས། ། ཨ་རུ་རུ་རྟ་གི་ཝཾ་ཆུས་འདམ་འཐག ། བྱས་ལ་མུ་ཟི་ནག་པོ་དྲི་ཐོན་བྱ། ། རིལ་བུ་དྲིལ་ལ་སྔགས་བཏབ་བྱུག་བདུག་འཆང་། ། ཁོང་དུ་བཏང་བས་གཉན་རིམས་གག་ལྷོག་འབྲུམ། ། རྒྱུ་གཟེར་དམར་བཤལ་སྲུང་འཇོམས་བླ་ན་མེད། ། ཁྱུང་གདོན་གཟའ་ཀླུ་སྲུང་བའི་རྫས་སྦྱོར་ནི། ། ཁྱུང་ལྔ་རྡོ་རྗེ་གསུམ་གཟའ་བདུད་རྡོ་རྗེཀླུ་བདུད་རྡོ་རྗེཐལ་ཀ་རྡོ་རྗེ་དང་གུ་གུལ་གཉིས། ། ངུལ་ཆུ་མུ་ཟི་སེར་ནག་ཡུངས་དཀར་དང་། ། ཉ་ཕྱིས་ཁྱུང་སྐྱུགས་རྡོ་རྒྱུས་སྤང་སྤོས་དང་། ། ཤིང་མངར་རྒྱ་ནག་ཀྱི་ལྕེ་རྡོ་རྗེ་སྔོ་ཆུ། ། ནུས་ལྡན་དྲི་ཆེན་དེ་རྣམས་སེང་དམར་གྱི། ། ཁཎྜས་རིལ་དྲིལ་བྱུགས་བདུག་ཁོང་བཏང་འཆང་། ། གཟའ་ཀླུ་འབྱུང་གདོན་མཛེ་ཤུ་རྨ་འབྲས་རེངས། ། གཞང་འབྲུམལ་སོགས་སྲུང་འཇོམས་ཟབ་པས་མཆོག ། རིན་ཆེན་དོ་ཤལ་ལས

X