>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ས་ཡི་སྨན། > > ནང་དོན།

དཀར་རྩི།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 8:48:39 ཀློག་གྲངས། 46

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དཀར་རྩིས་ཤ་རུས་ཞེན་པའི་ནད་འགོགས་བྱེད།། ཞེས་པ། ཚོན་དུ་འགྲོ་བའི་ལྷོ་བུན་བྱུང་ན་བཟང་། མ་རྙེད་ན་རས་གཞི་འདུལ་རྩི་ཉན་པའི་ས་དཀར་ཏེ། གང་ཡང་ཞག་རྩི་ཆགས་པ་བཟང་། འདི་ལ་མཆོད་རྟེན་ན་བཟང་ཡང་ཟེར།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། དཀར་རྩི་ལ་མཆོད་རྟེན་ན་བཟའ།
     མཛེས་མཚར་མིག་རྒྱན་ལས། དཀར་རྩི་ནི། མཆོད་རྟེན་བསྡུས་པའི་ས་ཤིན་ཏུ་དཀར་པོ་ཚོན་དུ་འགྲོ་བ་ཡིན།

གོང་ངོས། ཡིག་ཆ་མི་འདུག
X