>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ས་ཡི་སྨན། > > ནང་དོན།

རྒྱ་མཚོའི་ལྦུ་བ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 9:42:11 ཀློག་གྲངས། 47

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རྒྱ་མཚོའི་ལྦུ་བས་མཁལ་ཚད་ཀླད་ནད་སེལ།། ཞེས་པ། མཐའི་རྒྱ་མཚོའི་རླབས་ཀྱི་ལྦུ་དྲེག་བྲག་ལ་ཆགས་པ་སྲབ་ལེབ་དཀར་པོ་ཉ་ཕྱིས་ཀྱི་རྒྱུ་འདྲ་ལ་དཀར་ཤས་ཆེ་ཞིང་གཉེར་རིས་ཞིབ་མོ་ཅན་མཁྲེགས་པ་དང་དམན་པ་དེ་ལས་གསོབ་པ། འདི་གཉིས་ཀྱིས་མཁལ་ནད་དང་མགོ་ཀླད་མིག་གིས་གཙོས་པའི་ཚད་པ་ལ་ཕན། ཁྱད་པར་ཀླུ་སྨན་ཏེ་ཀླུའི་ཀླད་པ་ཉམས་པ་གསོ་བར་བྱེད། འགའ་ཞིག་ཤིང་གི་རྐང་དཀར་གསོབ་ཞིག་ལ་བྱེད་པ་ནོར་བ་ཡིན།
     སྨན་མིང་རྒྱ་མཚོ་ལས། རྒྱ་མཚོའི་ལྦུ་བས་གདོན་ནད་སེལ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། རྒྱ་མཚོའི་ལྦུ་བ་ནི། དཀར་པོ་མཁྲེགས་ཉམས་ཅུང་ཟད་ཡོད་པ་མཆོག་དང་། ཕལ་བ་གསོབ་པ་དག་ནི་མཁལ་མ་དང་མིག་གཙོར་གྱུར་གྱི་ཚ་བའི་ནད་ལ་ཕན།
     མཛེས་མཚར་མིག་རྒྱན་ལས། རྒྱ་མཚོའི་ལྦུ་བ་ནི། ས་མཐའི་རྒྱ་མཚོའི་རླབས་ཀྱི་ལྦུ་བ་དྲེག་བྲག་ལ་ཆགས་པ་སྲབ་ལེབ་དཀར་པོ་ཉ་ཕྱིས་ཀྱི་རྒྱུ་འདྲ་ལ་དཀར་ཤས་ཆེ་ཞིང་གཉེར་རིས་ཞིབ་མོ་ཅན་མཁྲེགས་དྲེག་ཡིན།

གོང་ངོས། གྲོག་ཤིང་།
X