>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ས་ཡི་སྨན། > > ནང་དོན།

མུ་ཟི་དཀར་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 10:38:02 ཀློག་གྲངས། 9

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མུ་ཟི་དཀར་སེར་གདོན་འཇོམས་རྣག་ཁྲག་སྐེམ།། ཞེས་པར། རང་བྱུང་པས། མུ་ཟིས་མཛེ་དང་ཆུ་སེར་སྐེམ།། ཞེས་གསུངས་པར། མིང་། སྃ་ལ་ཧི། ག་སྲི་ཏ།གནྡྷ་ཀ་ཏེ། དྲི་ཅན། དུརྒནྡྷ། དྲི་ངན། མ་ཡཱུ་ར་ཤི་ཎྜྷ། རྨ་བྱའི་གཙུག་ཕུད། པ་ཏྲ་ལ་ཧི། པ་ཊ་ཧྲི་ལ། ཀནྦྷ་ཀ སྟོབས་ལྡན་ཞགས། གབ་མིང་དུ། ཚ་བའི་དབུགས་ཅན། ས་བཅུད། གསེར་ལྡན། སའི་ཁྲོ་ཆུ། ཟ་བྱེད།བཙུན་མོ་དམར་ཆ། ར་ཙ་མེ་འབར་ཟེར། རྒྱ་ནག་སྐད་དུ། གྷོ་གིར་ཟེར། འདི་ལ་རིགས་དཀར་སེང་ལྗང་ནག་བཞི་ཡོད། དཀར་སེར་གཉིས་ཆུ་ཚན་དང་ཉེ་བའི་ས་སོགས་ལས་འབྱུང་བ་ཤས་ཆེ། དཀར་སེར་གཉིས་ཁ་དོག་གི་ཁྱད་ཅུང་ཟད་ཙམ་མ་གཏོགས་འདྲ། འདི་ལེགས་ཤོས་དངས་པ་སླད་མེད་པ། སྤོས་ཤེལ་དངས་མ་འདྲ་བ་དང་། སླད་ཅན་ས་རྡོ་དང་བ་བླ་སོགས་འདྲེས་པ་འབྱུང་ལ་གང་ཡང་མེ་ལ་བསྲེགས་ན་འབར་བ་དང་། དུད་པ་དང་། དྲི་མ་དུགས་ལ་སྣོད་དུ་བཞུས་ན་མར་ལྟར་འཇུ་བ་འབྱུང་བས། བཞུ་བཏུལ་ལེགས་པས་གྲུངས་པར་བྱས་པ་དང་། ངན་རྫས་དང་ཤ་རོ་གཅོད་པ་སོགས་འདེབས་སྨན་མ་གཏོགས་ཁོང་སྨན་ལ་གཏོང་ཚེ་དུག་འདོན་པ་གལ་ཆེ།
     མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོ་བ་ལས། མུ་ཟི་དཀར་པོ་བག་ཕྱེ་འདྲ།།
     མཛེས་མཚར་མིག་རྒྱན་ལས། དཀར་པོ་ནི་ཤིན་ཏུ་དཀར་པོ་ནུས་པ་སེར་དང་འདྲ།

གོང་ངོས། ཡིག་ཆ་མི་འདུག
X