//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > དཔྱད་ཀྱིས་ཚེ་བསྲིང་། > ནང་དོན།

བྱིས་པ་ལ་དཔྱད་ཀྱིས་ཚེ་བསྲིང་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-17 11:53:37 ཀློག་གྲངས། 24 

དེ་ཡང་བྱིས་པའི་བདེ་ཐང་དཔྱད་བཅོས་ཀྱི་ཆོ་ག་ནི་བྱིས་པའི་འཚར་སྐྱེས་ཀྱི་རྒྱུད་རིམ་དང་གཟུགས་པོའི་གནས་ཚུལ་སོགས་ལ་བསྟུན་ནས་བེད་སྤྱོད་གཏོང་པ་ཞིག་རེད། དཔེར་ན།  བྱིས་པ་སྐྱེས་ནས་ཟླ་གཅིག་མ་འགོར་བའི་ཕྲུ་གུ་ལ་བང་ཚད་དམ་ཡང་ན་གློ་ཚད་སྐྱེ་བ་རྣམས་ལ་ལག་པོའི་གོང་མཛུབ་ཀྱི་ཚིགས་པ་གཉིས་པའི་འགྲམ་དུ་ཁྲག་རྩ་ནག་ཅིང་སྦོམ་ལ་ཕྲ་བ་ཞིག་སྣང་བ་སྟེ་ཅུང་ཟད་ཙམ་གཏར་ན་བྱིས་པའི་བང་ཚད་དང་གློ་ཚད་མ་ལུས་པ་སེལ་བའི་མཆོག་ཡིན་ལ། དེ་ལས་གཞན་བྱིས་པའི་ལུས་ཁམས་བདེ་ཐང་གི་ཆེད་དུ་ལུས་ཡོངས་ལ་ཕུར་མཉེ་རན་ཙམ་བྱེད་པ་དང་། དེ་བཞིན་དུ་སྐེ་དང་ལག་པ། རྐང་པ་སོགས་ལའང་ཉིན་རེར་བཞིན་བསྐུ་མཉེ་འཇམ་པོ་རན་ཙམ་བྱས་ན་བཟང་། ད་དུང་པགས་པའི་སྦྱོང་བརྡར་བྱེད་པ་ལ།  པགས་པ་མཉེན་བྱེད་ལ་ཕན་པའི་སྣུམ་གྱི་སྨན་རིགས་ཉུང་ཤས་ཤིག་སྤྱད་དེ་བསྐུ་མཉེ་བྱས་ཆོག་གི་རེད། བྱེད་ཐབས་ནི་ཉིན་རེར་ནང་དགོང་ལ་ཕུར་མཉེ་བྱེད་པ་དང་ཐེངས་རེར་སྐར་མ་བཅོ་ལྔ་ཡན་ལ་གདོང་དང་། བྲང་ངོས།  གསུས་ངོས།  རྒྱབ་ངོས།  ཡན་ལག་བཞི་བཅས་ལ་ཡང་མོར་ཕུར་ཞིང་བཅིང་ལ་མཉེའོ། །  

མདོར་ན་བྱིས་པའི་བདེ་ཐང་གི་ཆེད་དུ་སྐབས་རེར་བསྐུ་མཉེ་དང་ཉི་མས་རན་པར་བསྲོས་ན་ལུས་ཟུངས་རྒྱས་པ་སོགས་ཀྱི་ཕན་པ་མང་པོ་ཞིག་འབྱུང་གི་ཡོད་པས། གོང་གི་བདེ་ཐང་དཔྱད་བཅོས་བྱེད་ཐབས་རྣམས་ནི་གཙོ་བོ་བུ་རྫིས་ལེགས་པར་བསླབ་བྱ་དང་བཅས་ཏེ་བསྐྱང་བ་ཡིན་ན་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བ་ལ་ཕན་པ་རྒྱ་ཆེན་པོ་ཡོད་པ་དང་ལྷག་ཏུ་བྱིས་པར་ནད་རིགས་གང་ཡང་མི་འབྱུང་བར་སྔོན་འགོག་དང་ནད་མེད་ཚེ་རིང་ཡོང་པར་ཤིན་ཏུ་ཕན་ནོ།།


X