>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ས་ཡི་སྨན། > > ནང་དོན།

སེ་རུལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 11:06:43 ཀློག་གྲངས། 12

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སེ་རུལ་འཁྲུགས་ཚད་དུག་ནད་སེལ་བར་བྱེད།། ཅེས་པ། རོ་སྐོར་ལྕགས་ཀྱི་ཕྲེང་བ་ལས། ལོ་སྟོང་ལོན་པའི་སེ་རུལ་ནི། བསིལ་ལ་འཇམ་པས་རིམས་ལ་ཕན།། ཞེས་པ། གྱང་རྙིང་ས་རལ་བྲག་རྩ་སོགས་ལས་འབྱུང་བའི་བ་ཚ་ལྟར་ཆགས་པའི་ས་ཁ་དོག་སེར་སྐྱ་རོ་ཁ་བ།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། སེ་རུལ་ནི། གྱང་རྙིང་སོགས་ལ་ཡོད་པའི་ས་སེར་སྐྱ་རོ་ཁ་བ་སྟེ། དེ་འཁྲུགས་ཚད་དུག་ཐབས་ ཕན།

གོང་ངོས། སིནྡྷུ་ར།
X