>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལན་ཚའི་སྨན། > > ནང་དོན།

བིག་པན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 16:24:07 ཀློག་གྲངས། 31

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བིག་པན་འབྲས་གཅོད་སྐྲན་བཤིག་ལིང་ཐོག་ལེན།། ཞེས་པ་འདི་ཚུར་སྔོན་ཡིན་ཏེ། རང་བྱུང་པས། ཚུར་ནག་རིགས་གསུམ་གང་གིས་ཀྱང་།། དབྱིག་དུག་སེལ་ཞིང་ཁ་ནད་འཇོམས།། གསུངས་པ་ནི་ཚུར་ཕྱི་མ་འདི་གསུམ་ཡིན། དབྱིག་དུག་སོགས་སེར་ནག་གཉིས་ཁོང་གཏོང་དང་སྔོན་པོ་བྱུགས་པ་ཡིན། ཁ་ནད་ལ་གསུམ། ཁས་མཁུར་བཀང་བྱེད་པ། མིང་ནི། ནཱི་ལ་ཐོ་ཐ། སག་རྩི། སག་རམ་རྩི། བིག་པན། ཚུར་སྔོན་རྣམས།འདི་རང་བྱུང་བྲག་ལས་ཆགས་པ་རྒྱ་གར་ནས་ཡོང་། ཁ་དོག་མཐིང་ག་དང་གཡུ་ཁ་གཉིས་དབྱིབས་དང་། དངས་ཆ་ཚུར་དཀར་འདྲ། རོ་ཚུར་སྤྱི་དང་འདྲ་ལ་ཟངས་གཡའ་ཅུང་བྲོ་བ་ཡོད། བཟོས་པ་རྒྱ་བོད་གང་ནས་ཀྱང་འབྱུང་། རང་བྱུང་བཟང་། བཟོས་པ་དམན། རང་བྱུང་རྟགས་སུ་ཕྱི་ལ་རྡོ་རྩི་ཅུང་ཟད་ཡོད། བཟོས་པ་གཡུ་ཁ་ཤས་ཆེ་ཕྱེ་མ་དང་རྡར་བྱས་པ་སོགས་ཡོང་ཡང་ཤེལ་ལྟར་དངས་པ་མི་ཡོང་། བཟོས་པ་རྒྱ་ཚས་བཟོས་པ་རྩུབ། ཞོ་ཟངས་གཉིས་དང་ཚུར་དཀར་གྱིས་བཟོས་པ་འཇམ། བིག་པན་ཞེས་པ་ལའང་། ཁ་ནད་ཤུ་ཐོར་མིག་སོགས་ལ་ཚུར་སྔོན་འདི་ཡིན། གང་ཡང་རླན་ཕབ་ནས་ལྕགས་ལ་དྲུད་ན་ཟངས་མདོག་འབྱིན། ཚད་རླུང་སྐབས་སོགས་ནི་སྒོག་ཐལ་ཡིན། བིག་པན་ཞེས་པར་བྱང་པ་སོགས་སྟོད་སྨན་འགའ་རེས་ཚ་ལ་བསྲེགས་པ་ལ་བྱེད། གསེར་བྲེ་དངུལ་བྲེ་སོགས་ལ་བུལ་ཏོག་ལ་བྱེད་པ་རྣམས་མ་དག་ནོར་བ་ཡིན་གསུངས། རླུང་གི་སྐབས་སྒོག་བསྲེགས་ཐལ་བར་བིག་པན་ཟེར།
     མཛེས་མཚར་མིག་རྒྱན་ལས། བིག་པན་ནི། རྒྱ་སྐད་དུ་ནཱི་ལ་ཐོ་ཋ་དང་བོད་སྐད་དུ་ཚུར་སྔོན་ཞེས་བྱ་བ། འདིར་གསེར་བྲེ་དངུལ་བྲེ་ལ་བུལ་ཏོག་ལ་འདོད་པ་ནོར་བ་སྟེ། དངོས་ནི་རྒྱ་གར་དང་རྒྱ་སེར་གྱི་བྲག་ལས་འབྱུང་བ། མདོག་མཐིང་ཁ་དང་གཡུ་ཁ་གཉིས་ཀ་དཀར་ཚུར་འདྲ་བ་མདངས་ལྡན། རླན་ཕབ་ནས་ལྕགས་ལ་དྲུད་ན་ཟངས་མདོག་འབྱིན་པ།

གོང་ངོས། བ་ཚ།
X