//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > དཔྱད་ཀྱིས་ཚེ་བསྲིང་། > ནང་དོན།

རྒན་པོ་ལ་དཔྱད་ཀྱིས་ཚེ་བསྲིང་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-19 9:39:26 ཀློག་གྲངས། 21 

སྤྱིར་རྒན་པོ་ཞིག་ལ་ནད་མེད་ཚེ་བསྲིང་གི་དཔྱད་བཅོས་གང་ཞིག་བསྟེན་པར་འདོན་ན་ཐོག་མར་མི་དེའི་རང་བཞིན་དང་ལུས་སྟོབས་ལ་འཚམ་པའི་དཔྱད་བཅོས་ཀྱི་ཆོ་ག་ཞིག་བེད་སྤྱོད་བྱེད་དགོས་པ་རེདདཔེར་ནཞུན་མར་དང་ཏིལ་མར་ལ་སོགས་པའི་སྣུམ་རིགས་བཞིས་རྐང་མཐིལ་དང་ལག་མཐིལཡང་ན་ཟུངས་ཟད་ཀྱི་རླུང་གསང་དྲུག་ཏེ་སྤྱི་གཙུག་ལ་སོགས་པ་སྣུམ་བྱུག་དང་བསྐུ་མཉེ་བྱེད་པ་དང་དབྱུག་བཅོས་བྱེད་པམེ་བུམ་རྒྱག་པརླུང་གསང་ལ་མེ་བཙས་བསྲོ་བསོགས་བདེ་ཐང་དཔྱད་བཅོས་ཀྱི་ཐབས་ཤེས་རྣམས་ཁོང་དུ་ཆུད་པར་བྱས་ཏེརྒྱུད་ལསསྨན་དཔྱད་ཤེས་ལོ་མ་བྱེད་རྟོག་དཔྱོད་གཟོབས། ། མི་སྲོག་ཚོད་ལེན་མ་བྱེད་གདེངས་ལྡན་སློབས། ། ལག་འཛུད་མ་སྔ་ནད་ཀྱི་སྐད་ལ་དྲིས། ། དཔྱད་སྙིང་མ་ཆེ་སྨན་པས་ལག་དགྲས་འཕུང་། ། ཞེས་གསུངས་པ་རྣམས་ཡིད་ལ་དམ་པོར་བཟུང་ནས་དེའི་ཕྱོགས་ལ་གཞོལ་བའི་འཚོ་བྱེད་པ་དག་གིས་སྔ་མོ་ནས་སྨན་དཔྱད་ཀྱི་ཕྱོགས་ལ་སློབ་སྦྱོང་དང་ལག་ལེན་ནང་བྱན་ཆུབ་པ་ཞིག་བྱས་ཏེ་བདེ་ཐང་དཔྱད་བཅོས་ཀྱི་མན་ངག་རྣམས་རྒན་པོ་ཚོའི་ལུས་སྟོབས་དང་གཟུགས་པོའི་གནས་ཚུལ་སོགས་ལ་དཔྱོད་ནས་གང་ལ་གང་འཚམ་རེ་བསྟེན་རྒྱུ་ནི་རྒན་པ་ཚོའི་ལུས་སེམས་བདེ་ཐང་དང་ནད་མེད་ཚེ་རིང་ཡོང་པའི་ཐབས་ཤེས་མེད་དུ་མི་རུང་བ་ཞིག་ཡིན་ནོ། །

དང་པོ། དུགས་ཀྱིས་ཚེ་བསྲིང་ཐབས།

དུགས་ཞེས་བྱ་བ་ནི་དྲི་མེད་གཟི་བརྗིད་ལས། རྫས་དེའི་རླངས་པ་དང་དྲོད་ཀྱིས་ཕན་པར་བྱ་བའི་ཐབས་ཡིན་ཏེ། དེ་ལ་ནང་གསེས་སུ་དབྱེ་བ་མང་པོ་ཡོད་པ་རེད།

འབའ་ཆའི་དུགས། འབའ་ཆ་ཆང་ངམ་སིངས་པོས་ཁ་ཕྲུ་བཏབ་ལ་སླ་ང་ལ་དྲོད་ཕབ་སྟེ་དྲོ་བར་བསྲོས་ནས། སྣོད་དུ་བླུགས་ཏེ་རླུང་གསང་རྣམས་སུ་བདུག་པར་བྱའོ། ། དེས་ནི་རླུང་གིས་སྨྱོ་བ་དང་། སེམས་འཕྱོ་བ་གཉིད་མི་ཕེབས་པ་ལ་ཕན་ནོ། །

༢ ཚྭའི་དུགས། ཚྭ་ཕུལ་གང་ཙམ་ལ་སྣུམ་གྱིས་སྦལ་ཏེ། སླ་ངའི་ནང་དུ་དྲོ་བར་བསྲོས་ལ། སྣོད་དུ་བཏབ་སྟེ་བདུག་ན། རླུང་རྩ་ཆོད་ནས་སྐྲངས་ཆེན་པོར་ཤོར་བ་དང་། གཞན་གྱིས་ཟུག་གཟེར་མ་ཆོག་པ་དང་། རླུང་རྩའི་སྐྱོན་གྱིས་རྩའི་སྐར་མདའ་ཤར་ནས་ན་བ་དང་། སྒལ་ཚིགས་ཀྱི་རླུང་གསང་བྱེ་ནས་ན་བ་ལ་ཕན་ནོ། །

འོལ་སྐོམ་གྱི་དུགས། མཆོག་ཏུ་མགོ་བོ་རླུང་གིས་གཟེར་བ་དང་། སྦོས་པ་ལ་ཕན་ནོ། །

བྱ་བྲུན་གྱི་དུགས། བྱ་བྲུན་ལ་ཆང་ངམ་སིངས་པོས་བྲན་ལ་སླ་ངར་བརྔོས་མ། སྣོད་དམ་རས་མའི་ཁུར་དུ་གཏུམས་ལ་བདུག་གོ །དེས་ནི་ཡན་ལག་གི་ཚིགས་གཞི་རླུང་གིས་སྐྲངས་པ་ལ་ཕན་ནོ། །

རུས་པའི་དུགས། རུས་པ་ཇི་ཙམ་རྙེད་པ་ནས་ཙམ་དུ་བརྡུངས་ལ།  དེའི་ཕྱེ་མ་ཆང་གིས་སྦྲུས་ལ་རྫའམ་ལུང་རྡོའི་ནང་དུ་བསྲོས་པའི་རླངས་པས་གང་ན་བའི་སར་བདུག་པར་བྱའོ། ། དེས་ནི་རླུང་གིས་ལུས་པོ་སྐྱ་རྦབ་ཏུ་སྐྲངས་པ་དང་། མགོ་བོ་རླུང་གིས་སྐམ་བྱེད་དུ་སོང་བ་དང་། རླུང་གིས་ཤ་ཀོ་ལེར་སྐྲངས་པ་ལ་ཕན་ནོ། །

བདུད་རྩི་གསུམ་གྱི་དུགས། བ་ལུའི་ལོ་མ་མཁན་པ་སྤྲུ་བ་གསུམ་ཡིན་ཏེ།  དེ་རྣམས་བརྡུངས་པའི་ཕྱེ་མ་ཆང་སིངས་ཀྱིས་སྦོས་ལ། དྲོ་བར་བསྲོས་པའི་དུགས་ནི།  ཡན་ལག་གི་ཆུ་རྒྱུས་ལ་རླུང་ཞུགས་སྟེ་ཞ་བ་དང་། འཁུམས་པ་དང་རེངས་པ་ལ་ཕན་ནོ།།

སྦང་སྐམ་གྱི་དུགས། སྦང་སྐམ་ལ་ཆང་གི་ཁ་ཕྲུ་བཏབ་ལ། དྲོ་བར་བསྲོས་པའི་དུགས་ནི། ཡན་ལག་རླུང་གིས་སྐྲངས་པ་དང་། སྦོས་མ་ལ་ཕན་ནོ། ། ཞེས་གསུང་པ་ལྟར་གོང་གི་དུགས་བཅོས་བྱ་ཐབས་ཀྱི་ཆོ་ག་གང་རུང་ཞིག་རྒན་པའི་རང་བཞིན་དང་གཟུགས་པོའི་གནས་ཚུལ། དུས་ཚིགས་ཀྱི་འགྱུར་བ་ལ་གཞིག་ནས་ལག་ཏུ་བླངས་པར་བྱ་རྒྱུ་ནི་གལ་ཆེའོ། །

གཉིས་པ། སྣུམ་བྱུགས་ཀྱིས་ཚེ་བསྲིང་ཐབས།

རྩ་དཀར་བྱུག་སྨན་དང་རླུང་སྨན་བྱུག་སྨན། སྣུམ་བྱུག་སོགས་ལས་གང་འོས་ཤིག་བདམས་ཏེ་རྒན་པོའི་རྐེད་ཚིགས་དང་པུས་ཚིགས།  ཡང་ན་རྐང་ལག་གི་མཐིལ་བཞི་དང་རྒས་པའི་ཟུངས་ཟད་ཀྱི་རླུང་གསང་དྲུག་སོགས་ལ་འོས་ཤིང་འཚམ་པ་རེ་བྱུགས་ན་དབང་པོ་གསལ་ཞིང་། ཤེས་པ་ཇེ་གསལ་དུ་འགྲོ་བ་མ་ཟད་རྒས་ནད་ཀྱིས་མི་ཐེབ་པར་སྐུ་གཟུགས་བདེ་ཐང་ཡོང་པ་ལ་ཤིན་ཏུ་ལེགས།

གསུམ་པ། ལུམས་ཀྱིས་ཚེ་བསྲིང་ཐབས།

བདུད་རྩི་ལྔ་ལུམས། སྦྱོར་བ་བ་ལུ་དང་། ཤུག་པཚེ་ལྡུམ། འོམ་བུམཁན་སྐྱ་བཅས་ལྔའི་ལུམས་ཀྱིས་ལུས་བཅིང་བ་དང་རོ་སྨད་ལ་སྣུམ་གྱི་བསྐུ་བྱུག་དང་དྲོད་དུགས་བྱ་ཞིང་རྩ་བ་ལྔའི་སྨན་མར་དང་འབའ་སམ་སྨན་མར་བསྟེན་ན་ཕན་པ་ལྡབ་འགྱུར་གྱིས་བཟང་གི་རེད། གཞན་ཆུ་ལུམས་དང་བཅིང་ལུམསརླངས་ལུམས་སོགས་ནི་སྐབས་ཐོབ་ཀྱིས་བདེ་ཐང་ལག་ལེན་གྱི་རིམ་པ་རྣམས་གང་ལ་གང་མཁོ་བེད་སྤྱོད་བྱེད་དགོས་པ་ཡིན།

བཞི་པ། བསྐུ་མཉེ་ཡིས་ཚེ་བསྲིང་ཐབས།

དུས་རྟག་ཏུ་རྒན་པོའི་ལུས་པོ་ཡོངས་དང་ལྷག་ཏུ་ཟུངས་ཟད་ཀྱི་རླུང་གསང་དྲུག་སོགས་ལ་སྣུམ་བསྐུ་ཞིང་བྱུག་པ་དང་མཉེ་བའི་ཆོ་ག་ལེགས་པར་སྤྱོད་པར་བྱེད་པ་དེས་རྒས་པའི་ནད་ལས་སྐྱོབ་ཅིང་ཚེ་རིང་དུ་བསྲིང་བ།  ལུས་ངལ་བའི་ནད་དང་རླུང་ནད་འཇོམས་པར་བྱེད་པ།  དབང་པོ་གསལ་ཞིང་གཉིད་བདེ་བལུས་ཀྱི་སྟོབས་མདངས་རྒྱས་ཤིང་པགས་པ་འཇམ་པར་བྱེད་པ་བཅས་ཀྱི་དགེ་མཚན་མང་པོ་ཡོད་ལ། ཁྱད་པར་དུ་མགོ་བོ་དང་རྐང་ལག་གི་མཐིལ་བཞི་རྣམས་སུ་ཏིལ་མར་སོགས་ཀྱིས་བསྐུ་བྱུག་བྱས་ན་མིག་གསལ་བར་བྱེད་པ་དང་ལུས་སྟོབས་རྒྱས་ཤིང་ཚེ་རིང་བ་སོགས་ཀྱི་ཕན་ནུས་བརྗོད་ཀྱིས་མི་ལང་ངོ་། །

མདོར་ན་བདེ་ཐང་དཔྱད་བཅོས་ཀྱི་རྣམ་གྲངས་སམ་རིགས་དབྱེ་ནི་གོང་དུ་དཔེ་མཚོན་ཙམ་བཀོད་པ་དེ་ལས་གཞན་ད་དུང་མེ་བུམ་དང་གསེར་ཏེལ་དངུལ་ཏེལ་སོགས་བདེ་ཐང་དཔྱད་བཅོས་ཀྱི་གདམས་པ་མང་པོ་ཞིག་ད་རེས་དུས་ཚོད་ཀྱི་དབང་གིས་འགོད་ཐུབ་མ་བྱུང་། ཐེངས་རྗེས་མར་ཅི་ནུས་ཀྱིས་ཕྱོགས་གང་ཐད་ནས་འཐུས་སྒོ་ཚང་བ་དང་ཇེ་ལེགས་ཇེ་རྒྱས་སུ་གཏོང་རྩིས་ཡོད། སརྦམངྒལཾ། །

X