>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཞིང་སྐྱེས་སྨན། > > ནང་དོན།

ཁྲ་མ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-03 14:46:57 ཀློག་གྲངས། 36

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཁྲ་མ་བཏབ་ནས་ཞག་དྲུག་ཅུས་སྨིན་པའི་ནས་ཞིག་གོ་བསིལ་ལ་ཡང་རྩུབ་ཡི་གར་འཕྲོད།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཁྲ་མ་འབྲུ་དཀར་ནག་འཇམ་ཞུད་ཡིད་འཕྲོད་སོ་སྲིངས་བད་མཁྲིས་སེལ།།
     མཛེས་མཚར་མིག་རྒྱན་ལས། ཁྲ་མ་ནི། ཟུར་མཁར་བས། བཏབ་ནས་ཞག་དྲུག་ཅུ་སྨིན་པའི་ནས་ཞིག་པར་དགོངས་ལ། བཻ་སྔོན་ནས་གསུངས་ཤིང་།
     བཤད་རྒྱུད་ཟས་ཀྱི་ལེའུ་ལས། ཁྲ་མ་བསིལ་ཡང་རྩུབ་ཅིང་ཡི་གར་འཕྲོད།། ཅེས་བྱུང་།

གོང་ངོས། ཡིག་ཆ་མི་འདུག
X